དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • བོད་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་30འཁོར་བའི་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-21

    ཉེ་ཆར། བོད་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་30འཁོར་བའི་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུ་ལྷ་སའི་གསོལ་མགྲོན་ཁང་དུ་འཚོགས་པ་རེད།

    ད་རེས་ཀྱི་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུ་ནི་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་གཙོ་གཉེར་དང་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཉེར་འགན་འཁུར་བ། དེའི་དམིགས་ཡུལ་ནི་ཏང་ཀྲུང་དབྱང་གིས་བོད་ལ་གནང་བའི་གཟིགས་སྐྱོང་སྲིད་ཇུས་དང་རྒྱལ་ཡོངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་སྐྱོང་དམིགས་བསལ་གནང་ལུགས་དྲིལ་བསྒྲགས་གཏིང་ཟབ་བྱས་ཏེ། རིགས་པའི་གཞུང་ལུགས་དང་རིག་གཞུང་གི་ཟུར་ཚད་ནས་ལོ་30ཡི་རིང་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་ཐབས་གཙོ་བོ་དང་། གྲུབ་འབྲས་ཐོབ་པའི་ཉམས་མྱོང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བློ་སྒོ་གལ་ཆེན་འབྱེད་པ་བཅས་ལ་ཕྱོགས་སྡོམ་བྱས་ཡོད། ཁྱོན་དཔྱད་རྩོམ་52བསྡུས་ནས་ཞིབ་དཔྱད་བརྒྱུད་ཕུལ་བྱུང་རྩོམ་ཡིག་34བདམས་ཏེ《བོད་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་30འཁོར་བའི་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུའི་དཔྱད་རྩོམ་ཕྱོགས་སྒྲིག》གྲུབ་ཡོད། ཚོགས་འདུའི་ཐོག་ཕུལ་བྱུང་གི་རིགས་པའི་གཞུང་ལུགས་ཀྱི་རྩོམ་ཡིག་གི་རྩོམ་པ་པོའི་འཐུས་མི་8ཀྱིས་སྤེལ་རེས་དང་གཏམ་བཤད་བྱས་པ་རེད།

    ལོ་30ཡི་རིང་། ཁ་གཏད་རོགས་སྐྱོར་ཚན་པ་ཁག་དང་རྒྱ་ཆེའི་བོད་སྐྱོར་ལས་བྱེད་པས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཐོག་མཐའ་བར་གསུམ་དུ་ལས་བྱེད་པའི་བོད་སྐྱོར་དང་། དཔལ་འབྱོར་བོད་སྐྱོར། ཤེས་ལྡན་པའི་བོད་སྐྱོར། ལག་རྩལ་བོད་སྐྱོར། “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་བཅས་ཟུང་དུ་སྦྲེལ་བའི་ལས་ཀ་བྱེད་སྟངས་མཐའ་འཁྱོངས་བྱས་ཏེ་བོད་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། བོད་སྐྱོར་གྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། བོད་སྐྱོར་གྱི་གཙོ་གནད་ལེགས་སྒྲིག་བྱེད་པ་མ་ཟད། ཕྱོགས་ཡོངས་དང་། ཁྱབ་ཁོངས་ཆེ་བ། རིམ་པ་མང་བ་བཅས་ཀྱི་སྒོ་ནས་བོད་སྐྱོར་ལས་དོན་སྤེལ་བས། རེས་སྐོར་ཚང་མའི་བོད་སྐྱོར་ལས་དོན་གྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།