མལ་གྲོ་གུང་དཀར་རྫོང་གིས“གསར་བརྗེའི་དམངས་ཕན་ཞབས་ཞུའི་ས་ཚིགས”ཀྱི་སྤུས་རྟགས་ནུས་ཤུགས་ཡོད་རྒུས་བཏོད་པ།
མང་ཚོགས་ཀྱི་སྒོ་རྩར་བསྐྱོད་ནས་ཞབས་འདེགས་ཞུས་པ།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས“གསར་བརྗེའི་དམངས་ཕན་ཞབས་ཞུའི་ས་ཚིགས”ཀྱི་ཞབས་ཞུའི་སྤུས་རྟགས་ནུས་ཤུགས་ཡོད་རྒུས་བཏོད་པ་མ་ཟད། གྲོང་ཚོ་རིམ་པའི་གསར་བརྗེའི་དམངས་ཕན་ཞབས་ཞུའི་ས་ཚིགས་6སྔོན་སྤེལ་ཚོད་ལྟ་བྱས་ནས་བསྐྲུན་ཏེ། བརྩེ་བ་ཡོད་པ་དང་ནུས་ཤུགས་གཅིག་ཏུ་བསྒྲིལ་བའི་ཏང་དམངས་ཞབས་ཞུའི“གཡུལ་ས་ཆུང་ངུ”ནུས་ཤུགས་ཡོད་རྒུས་བཏོད་པ་དང་། ཏང་དམངས་ཞབས་ཞུའི་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ་མང་ཚོགས་ཀྱི་སྒོ་རྩར་བསྐྱོད་ནས་ཏང་དམངས་ཞབས་འདེགས་ཏན་ཏིག་ཞུས་ཡོད།
མལ་གྲོ་གུང་དཀར་རྫོང་གསར་བརྗེའི་དམངས་ཕན་ཞབས་ཞུའི་ས་ཚིགས་ཀྱིས་ཁུལ་ཁོངས་ཅན་དང་། སྒོ་དབྱེའི་རང་བཞིན། ཞབས་ཞུའི་རྣམ་པ་བཅས་ཀྱི་ལས་ཀའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། ཏང་ཡོན་དང་། མང་ཚོགས། ཡུལ་སྐོར་བ་བཅས་ལ་ཞབས་འདེགས་ཞུ་རྒྱུ་དམིགས་ཡུལ་དུ་འཛིན་པ་དང་། ཏང་དམངས་ཞབས་ཞུའི་ཁུལ་དང་། དཔེ་ཀློག་ཁུལ། དོན་ཚན་སྒྲུབ་གཉེར་ཁུལ། དོན་དག་གྲོས་མོལ་ཁུལ་སོགས་བྱེད་ནུས་ཁུལ་ཁོངས་ཕྱེ་ནས་ཏང་ཡོན་གྱི་སློབ་གསོ་དོ་དམ་དང་། རྒྱུན་རྣམ་ཅན་གྱིས་སྲིད་ཇུས་སྒྲོག་འགྲེལ། དང་བླངས་ཞབས་ཞུ་སོགས་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བར་ལས་སྟེགས་གསར་པ་བསྐྲུན་ཡོད། ཕྱོགས་གཅིག་ནས་གྲོང་ཚོ་རིམ་པའི་ཏང་ཡོན་དང་། གྲོང་ཚོར་བཅའ་སྡོད་ལས་བྱེད་པ། ལས་ཐོག་འབྱོར་ཐོ་བཀོད་པའི་ཏང་ཡོན། ཆེད་བསྐོས་ལས་བྱེད་པ་སྣ་ཚོགས། གཞོན་ནུ་དང་བླངས་པ་སོགས་ཀྱི་སྟོབས་ཤུགས་རྒྱ་ཁྱབ་ཏུ་སྐུལ་སློང་བྱས་ཏེ། གསར་བརྗེའི་དམངས་ཕན་ས་ཚིགས་ལས་སྟེགས་ལ་བརྟེན་ནས་སྲིད་ཇུས་སྒྲོག་འགྲེལ་དང་། རོགས་སྐྱོར་འཚམས་འདྲི། གཅེས་སེམས་འོས་འགན་སྨན་བཅོས། བཅའ་ཁྲིམས་རོགས་སྐྱོར་སོགས“ཞབས་འདེགས་ཆུང་ངུ་གཉིས”(དམངས་འཚོའི་དོན་དངོས་ཆུང་ངུ་དང་མང་ཚོགས་ཀྱི་བསམ་འདུན་ཆུང་ངུ)ཞུས་པ་དང་། ཕྱོགས་གཞན་ཞིག་ནས་འདྲ་མཚུངས་དང་གཅིག་མཚུངས་ཀྱི་དམངས་ཕན་ཞབས་ཞུའི་དོན་ཚན་བསྡུ་སྒྲིལ་བྱས་ཏེ། སྲིད་འཛིན་དམངས་ཕན་དོན་ཚན་གྲོང་ཚོ་རིམ་པར་སྣུར་སྲིང་བྱེད་པར་སྐུལ་འདེད་གཏོང་བ་དང་། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་རྣམ་པ་འདྲ་མིན་ལ་བརྟེན་ནས་མང་ཚོགས་ཀྱི་ཚབ་སྒྲུབ་ཞབས་ཞུ་སླར་ཡང་རིམ་སྤོར་འཚོལ་ཞིབ་བྱེད་པ། “དོན་དག་ཡོད་ཚེ་ཏང་དམངས་ཞབས་ཞུ་ས་ཚིགས་འཚོལ་བའི”ཁྱིམ་གྱི་སྒོ་རྩའི་སྟབས་བདེའི་ཞབས་ཞུའི་ས་ཚིགས་ནུས་ཤུགས་ཡོད་རྒུས་གཏོད་པ་བཅས་བྱས་ཏེ། གསར་བརྗེའི་དམངས་ཕན་ཞབས་ཞུ་ས་ཚིགས་དེ་ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བའི“གཡུལ་ས་གསར་པ”ཞིག་ཏུ་འགྱུར་བར་བྱས་ཡོད།
མལ་གྲོ་གུང་དཀར་རྫོང་གསར་བརྗེའི་དམངས་ཕན་ཞབས་ཞུའི་ས་ཚིགས་ཀྱིས་མང་ཚོགས་ཀྱི་དགོས་མཁོ་ཤེས་རྟོགས་གང་ལེགས་བྱས་པའི་རྨང་གཞིའི་ཐོག “དམངས་ཕན་ཞབས་ཞུའི་ལས་སྟེགས་ཆུང་དུ་གཏོང་བ་དང་དམངས་ཕན་ཞབས་ཞུའི་ཁུལ་ཆེ་རུ་གཏོང་བའི”རྩ་དོན་གཞིར་བཟུང་། སྔོན་སྤེལ་ཚོད་ལྟའི་གསར་བརྗེའི་དམངས་ཕན་ཞབས་ཞུའི་ས་ཚིགས་6གིས་ཡུལ་སྐོར་བ་དང་མང་ཚོགས་ལ་ཕྱོགས་ནས་ངལ་གསོའི་རྐུབ་སྟེགས་དང་། ཚགས་པར་དང་དཔེ་དེབ། མྱུར་སྐྱོབ་སྨན་རྫས་སོགས་འཚོ་བའི་ཞབས་ཞུ་ཆུང་ངུ་10ལྷག་ཙམ་མཁོ་འདོན་བྱས་པ་དང་ཆབས་ཅིག ལས་སྒྲུབ་བརྒྱུད་རིམ་གྱི་ཁྲིད་སྟོན་དཔེ་རིས་དང་། དམངས་ཕན་མཛུབ་ཁྲིད་ལག་དེབ། བསམ་འདུན་ཆུང་ངུའི་གྱང་། དོན་གྲོས་སྒྲོག་ཙེ། ཡིག་ཆ་བསྐྱར་དཔར་སོགས་དམངས་ཕན་ཞབས་ཞུ་ཆུང་ངུ་6མཁོ་འདོན་བྱས་ནས“ཁོམ་དུས་ཕེབས་ཤོག”ཅེས་པའི་སེམས་རྩ་འཁོལ་པོའི་ཞབས་འདེགས་ཁྱིམ་གྱི་སྒོ་རྩར་ཞུས་ཡོད།
དེ་དང་ཆབས་ཅིག མལ་གྲོ་གུང་དཀར་རྫོང་གསར་བརྗེའི་དམངས་ཕན་ཞབས་ཞུའི་ས་ཚིགས་ཀྱིས་མང་ཚོགས་ཀྱི་བྱ་བ་མང་ཚོགས་ཀྱིས་གྲོས་བསྡུར་དང་མང་ཚོགས་ཀྱིས་སྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཏེ། དམངས་ཕན་ས་ཚིགས་ཀྱི་གཡུལ་ས་ཆུང་ངུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། “གདོང་ལེན་མལ་གྲོ·དུས་བཞིའི་བྱ་སྤྱོད”དང་། “གཞི་རིམ་དུ་སྐྱོད་པ་བཞི” “འབྱོར་ཐོ་གཉིས”སོགས་ཀྱི་བྱེད་སྒོ་མུ་མཐུད་གཏིང་ཟབ་སྤེལ་ཏེ། ལས་ཐོག་ཏང་ཡོན་ལས་བྱེད་པ་དང་གྲོང་ཚོ་རིམ་པའི་སྟོབས་ཤུགས་སྣ་ཚོགས་དུས་བཀག་ལྟར་གྲོང་ཚོ(གྲོང་ལྷན)རུ་བསྐྱོད་ནས་དགོས་མཁོ་ཤེས་རྟོགས་བྱེད་པར་སྐུལ་འདེད་གཏོང་བ་དང་། གྲོང་ཚོ་གྲོང་ལྷན་གྱི་གཞི་རིམ་བཅོས་སྐྱོང་ལས་དོན་གྱི་གཟའ་འཁོར་གྱི་བཀོད་གཏོང་ཚོགས་འདུ་ཚོགས་པ་གོ་སྐབས་སུ་བྱས་ཏེ་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་ཀྱིས་གཅིག་སྡུད་ཐོག་གྲོས་བསྡུར་བྱེད་པ། ལྷག་པར་དུ་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། འགལ་ཟླ་དང་རྩོད་གཞི་འདུམ་འགྲིག བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར། ཉམས་ཞན་ཚོགས་སྤྱིར་གཅེས་སྐྱོང་། མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་སོགས་གླེང་མང་བ་དང་དཀའ་གནད་ཆེ་བའི་གནད་དོན་བཅས་གྲོས་བསྡུར་བྱས་ཡོད། དེ་བཞིན“དམངས་ཀྱི་འདོད་བློ་གཅིག་སྡུད་དང་། དམངས་ཀྱི་བློ་གྲོས་གཅིག་སྡུད། དམངས་ཀྱི་སེམས་པ་གཅིག་སྒྲིལ”བཅས་ལ་བརྟེན་ནས“བྱ་བ་ཡོད་ཚེ་ཚང་མས་གྲོས་བསྡུར་དང་གནད་དོན་འཕྲད་ཚེ་ཚང་མས་ཐག་གཅོད་བྱེད་པར”སྐུལ་འདེད་བཏང་ནས་མཉམ་སྐྲུན་མཉམ་སྐྱོང་དང་མཉམ་སྤྱོད་ཀྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གསར་པ་ཆགས་པར་བྱས་ཡོད།