ཟ་ཁང་འདི་སྒོ་རྒྱག་ཏུ་བཅུག་འདུག རྒྱུ་མཚན་ནི།
ཉེ་ཆར། ལྷ་ས་མཐོ་གསར་ཁུལ་གྱི་ཁྲོམ་ར་ལྟ་འདོམས་ཅུས་ལ་མང་ཚོགས་ཀྱིས་གསེར་རྟ་རྒྱལ་སྤྱིའི་ཧུའུ་ནན་བྲོ་བའི་བཞེས་ཚལ་ཟ་ཁང(ཟ་ཁང་ཨ་མ)གི་གཙང་སྦྲ་ཧ་ཅང་ཡག་པོ་མི་འདུག་ཅེས་ཐེར་འདོན་བྱས།
ཐེར་འདོན་འབྱོར་མ་ཐག་ཁྲིམས་སྒྱུར་བས་ཟ་ཁང་དེའི་ཐབ་ཚང་དུ་བརྟག་དཔྱད་བྱས་ཤིང་། བརྟག་དཔྱད་བྱས་པ་བརྒྱུད། ཟ་ཁང་དེའི་ཐབ་ཚང་གི་གཙང་སྦྲ་འཕྲོད་བསྟེན་ཚད་གཞི་མ་ལོན་པས། སྒོ་བརྒྱབ་ནས་དག་ཐེར་བྱེད་དགོས་པའི་བཀའ་རྒྱ་བཏང་བ་མ་ཟད། ལམ་སེང་བཅོས་སྒྲིག་བྱས་ཏེ་བཟའ་བཅའི་བདེ་འཇགས་ཀྱི་དོན་རྐྱེན་མི་ཐོན་པ་བྱེད་དགོས་པའི་བླང་བྱའང་བཏོན་པ་རེད།
ཕྱིས་སུ་ལྷ་ས་གྲོང་ཁྱེར་མཐོ་གསར་ཁུལ་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བཟའ་བཅའི་བདེ་འཇགས་ལ་བཅོས་སྒྲིག་དང་ལྟ་འདོམས་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ནན་པོ་བྱས་ནས། མང་ཚོགས་ལ་བདེ་འཇགས་བློ་བདེའི་འཛད་སྤྱོད་ཁོར་ཡུག་ཅིག་བསྐྲུན་རྒྱུ་ཡིན་པ་རེད།
ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་མང་ཚོགས་ལ་དྲན་སྐུལ་བྱས་དོན། བཟའ་བཅའི་བདེ་འཇགས་ཀྱི་ལྟ་སྐུལ་ལས་དོན་ནང་ཧུར་ཐག་ཞུགས་ནས། ཁྲིམས་འགལ་ངང་ཟས་རིགས་བཟོ་བ་དང་ཚོང་གཉེར་བྱེད་པ་མཐོང་སྐབས། ཐེར་འདོན་བྱས་ཏེ་བཟའ་བཅའི་བདེ་འཇགས་ཀྱི་ཁོར་ཡུག་མཉམ་དུ་གཏོད་དགོས།