དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁྲུང་ཆིང་གིས་བགྲོད་ལམ་འཛུགས་སྐྲུན་ལ་བརྟེན་ནས་ཆུ་ཚད་མཐོ་བའི་སྒོ་དབྱེར་སྣེ་ཁྲིད་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-20

    2016ལོའི་ཟླ་དང་པོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲུང་ཆིང་དུ་བརྟག་ཞིབ་གནང་སྐབས། ཁྲུང་ཆིང་ལ་སྒོ་དབྱེའི་ལས་སྟེགས་ཁག་འཐུས་སྒོ་ཚང་དུ་བཏང་སྟེ། སྐམ་སའི་དབུས་ཁུལ་གྱི་རྒྱལ་སྤྱིའི་ཟོག་འགྲེམས་ལྟེ་གནས་དང་འགག་སྒོའི་མཐོ་ས་འཛུགས་སྐྲུན་དང་སྐམ་སའི་དབུས་ཁུལ་གྱི་སྒོ་དབྱེའི་མཐོ་ས་འཛུགས་སྐྲུན་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད། 2024ལོའི་ཟླ་4པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲུང་ཆིང་རྒྱལ་སྤྱིའི་ཟོག་འགྲེམས་ལྟེ་གནས་གླིང་དུ་རྟོག་ཞིབ་གནང་སྐབས“ཟོག་འགྲེམས་ནི་དངོས་ཚན་དཔལ་འབྱོར་གྱི‘འཕར་རྩ’ལྟ་བུ་རེད། ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པ་གཏོད་པ་དེས‘སྐམ་མཚོ་ཕྱི་ནང་མཉམ་སྒུལ་དང་ཤར་ནུབ་ཕྱོགས་གཉིས་གསབ་རེས’ཀྱི་ཕྱི་ཕྱོགས་སྒོ་དབྱེའི་རྣམ་པ་ཆགས་པར་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་ནན་བཤད་གནང་བ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཁྲུང་ཆིང་གིས་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་སོགས་བགྲོད་ལམ་འཛུགས་སྐྲུན་ལ་བརྟེན་ནས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྣེ་ཁྲིད་བྱས་ཏེ“ལྕགས་ལམ་དང་། གཞུང་ལམ། ཆུ་ལམ། མཁའ་ལམ”བཅས་སྣ་མང་མཉམ་འདྲེན་བྱེད་སྟངས་མཉམ་འདྲེས་འཕེལ་རྒྱས་ཡོང་བ་བྱས་ཏེ་སྒོ་དབྱེའི་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད།

    འདི་ལོའི་ལོ་སྟོད་དུ། ཁྲུང་ཆིང་གིས་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་ལྕགས་ལམ་དང་མཚོ་ལམ་མཉམ་འདྲེན་དང་། རྒྱལ་སྤྱིའི་ལྕགས་ལམ་མཉམ་འདྲེན་སོགས་ཀྱི་བྱ་ཐབས་བརྒྱུད་དངོས་ཟོག་དོས་སྒམ་ཁྲི་12.04བཏང་བ་དེ་དུས་མཚུངས་ལས་54%འཕར་བ་དང་། ཟོག་ཐང་དངུལ་འབོར་སྒོར་དུང་ཕྱུར་231.85ཟིན་པ་དེ་དུས་མཚུངས་ལས་89%འཕར་ཡོད་པ་རེད།

    “‘ཆ་རྐྱེན་ཡོད་པའི་ས་ཁུལ་དུ་རྒྱལ་སྤྱིའི་ཟོག་འགྲེམས་ལྟེ་གནས་དང་ཚོང་ཟོག་ཆེ་གྲས་ཀྱི་ཐོན་ཁུངས་བགོ་སྒྲིག་ལྟེ་གནས་བསྐྲུན་པར་རྒྱབ་སྐྱོར་བྱེད་དགོས’ཞེས་པ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ནང་བཅུག་པས། ང་ཚོས་ཕྱི་ཕྱོགས་སྒོ་དབྱེ་བྱེད་པའི་གདེང་ཚོད་དེ་བས་ཆེ་རུ་ཕྱིན་སོང”ཞེས་ཁྲུང་ཆིང་གྲོང་ཁྱེར་སྲིད་གཞུང་གི་འགག་སྒོའི་ཟོག་འགྲེམས་གཞུང་ལས་ཁང་གི་ཀྲུའུ་རེན་དབྱང་ལིང་གིས་དེ་ལྟར་བརྗོད།

    རང་རྒྱལ་ནུབ་རྒྱུད་ས་ཁུལ་ནས་ཐོན་པའི་ནུས་རྒྱུ་གསར་པའི་རླངས་འཁོར་ལ་བརྟེན་ནས་ཨེ་ཤེ་ཡ་ཤར་ལྷོའི་ཁྲོམ་ར་རྒྱ་སྐྱེད་བཏང་བ་དང་། ཧྲའན་ཤིས་ཀྱི་ཀུ་ཤུ་དང་ཉིང་ཞ་ཡི་འདྲེ་ཚེར་མའི་ཁུ་བ་ཕྱི་རྒྱལ་དུ་བྲིན་ཁ་རྒྱུག་པ། ཁམ་ཕུ་ཁྲེའི་འབྲས་རང་རྒྱལ་མི་སེར་གྱི་གསོལ་ལྕོག་སྟེང་དུ་བཤམས་པ་སོགས་སྐམ་མཚོ་ཕྱི་ནང་མཉམ་སྒུལ་དང་ཤར་ནུབ་ཕྱོགས་གཉིས་གསབ་རེས་བྱས་པས། ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་བསྐྲུན་རྗེས་ཁྲུང་ཆིང་ཚུད་པའི་ནུབ་རྒྱུད་ས་ཁུལ་དུ་ཕྱོགས་ཡོངས་ཀྱི་སྒོ་དབྱེའི་རྣམ་པ་གང་མགྱོགས་ཆགས་པར་རམ་འདེགས་ཐུབ་ཡོད།

    ཁྲུང་ཆིང་ཏ་ཅང་སྒུལ་ཤུགས་སྒྲིག་ཆས་བཟོ་སྐྲུན་ཚད་ཡོད་ཀུང་སིའི་ནང་ཐོན་སྐྱེད་མགྱོགས་མྱུར་བྱེད་བཞིན་ཡོད་པ་དང་བཟོ་པ་རྣམས་བྲེལ་བརྩོན་ཆེན་པོས་འཕྲུལ་ཆས་ཀྱི་ལྷུ་ལག་ལས་སྣོན་བྱེད་བཞིན་ཡོད་པ་རེད། ཉིན་འགའི་རྗེས་སུ་སྒྲིག་ཆས་དེ་དག་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་དུས་གཏན་མེ་འཁོར་བརྒྱུད་དེ་ཝེ་ཐེ་ནམ་དུ་གཏོང་མཁན་རེད། “སྒོ་དབྱེའི་ཕན་འབྲས་ང་ཚོས་ལོངས་སྤྱོད་ཐུབ་བྱུང”ཞེས་ཁྲུང་ཆིང་ཏ་ཅང་སྒུལ་ཤུགས་སྒྲིག་ཆས་བཟོ་སྐྲུན་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཞུང་ཡཱ་ཕེ་ཡིས་བརྗོད་པ་དང་ཁོང་གིས་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པས་དངོས་ཟོག་མགྱོགས་ཤོས་ལ་གཟའ་འཁོར་གཅིག་ནང་དམིགས་སར་འབྱོར་བ་དེ། གཙང་པོ་དང་རྒྱ་མཚོའི་མཉམ་འདྲེན་ལས་དུས་ཚོད་ཟླ་ཕྱེད་ཙམ་མགྱོགས་སུ་ཕྱིན་ཡོད། “འདི་ལོའི་ལོ་སྟོད་དུ་ཀུང་སིའི་བྲིན་ཚོང་བསྡོམས་འབོར་དུས་མཚུངས་ལས་10%ཡན་འཕར་འདུག”ཅེས་ངོ་སྤྲོད་བྱས།

    བགྲོད་ལམ་ཤར་གཏོང་ཐུབ་པས་དཔལ་འབྱོར་ཚོང་དོན་དང་ཐོན་ལས་དར་རྒྱས་ཕྱིན་ཞིང་། ནུབ་རྒྱུད(ཁྲུང་ཆིང)ཚན་རིག་གྲོང་དུ་གནས་པའི་ཤིས་ཡུང་གློག་རྡུལ་ཕྲ་རབ་གླིང་གིས་རིག་ནུས་མཐའ་སྣེའི་ཐོན་ལས་འཁོར་འབྲེལ་གཏོད་པས། གོ་ལ་ཧྲིལ་པོའི་ལག་ཐོགས་གློག་ཀླད་3ནང་གི་1ནི་ཁྲུང་ཆིང་ནས་བཟོས་པ་ཡིན་པ་དང་། ད་ལོའི་ལོ་སྟོད་དུ་ཁྲུང་ཆིང་རླངས་འཁོར་གྱི་ཕྱིར་གཏོང་དངུལ་འབོར་སྒོར་དུང་ཕྱུར་200ལྷག་ཙམ་ཟིན་ཏེ་དུས་མཚུངས་ལས་34.9%འཕར་བ། ལག་ཐོགས་ཁ་པར་གྱི་ཕྱིར་གཏོང་དངུལ་འབོར་སྒོར་དུང་ཕྱུར་213ལྷག་ཙམ་ཟིན་ཏེ་དུས་མཚུངས་ལས་35.8%འཕར་བ། ཁྲུང་ཆིང་རྒྱལ་སྤྱིའི་ཟོག་འགྲེམས་ལྟེ་གནས་གླིང་དུ་རླངས་འཁོར་ཧྲིལ་པོ་དང་། སྨན་བཅོས་དང་སྨན་རྫས། རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་སོགས་ཁྱད་ལྡན་གྱི་ལྕགས་ལམ་ཉེ་འཁོར་གྱི་ཐོན་ལས་ཁྱུ་ཚོགས་གྲུབ་ཡོད། ཤིང་ཏོག་ལྡུམ་རའི་གྲུ་ཁ་དང་གཙང་གཉིས་ཁུལ་གསར་ལ་དམིགས་ནས་གྲུ་ཁའི་ཉེ་འཁོར་གྱི་དཔལ་འབྱོར་ཡུག་ཁུལ་བཀོད་སྒྲིག་བྱས་པ་སོགས“ད་བར་ཁྲུང་ཆིང་འགག་སྒོ་དང་འགག་རྩའི་ལྟེ་གནས་ཉེ་འཁོར་དུ་རླངས་འཁོར་བཟོ་སྐྲུན་དང་། གློག་རྡུལ་ཆ་འཕྲིན། སྒྲིག་ཆས་བཟོ་སྐྲུན་སོགས་གཙོ་གནད་ཁེ་ལས་8000ལྷག་ཙམ་འདུས་ཡོད”ཅེས་ཁྲུང་ཆིང་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཀའོ་ཅན་གྱིས་ངོ་སྤྲོད་བྱས།

    སྔོན་ལ་ལག་ལེན་བསྟར་ནས་ཚོད་ལྟ་བྱས་ཤིང་། ཁྲུང་ཆིང་གིས་ལམ་ལུགས་རྣམ་པའི་སྒོ་དབྱེར་སྐུལ་འདེད་བརྟན་པོ་བཏང་བས། རྒྱལ་སྒྲོལ་དངུལ་རྩའི་ཚན་ཚན་ཕྲེང་འབྲེལ་གྱི་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་མ་རྩ་བསྡུ་སྒྲིལ་དང་མཇུག་རྩིས་བཀོལ་སྤྱོད་ཀྱི་རྣམ་པ་སྤྱད་པས། ཁེ་ལས་ཀྱི་བདལ་གླ་མཇུག་རྩིས་དང་། ཚོང་དོན་མཇུག་རྩིས། མ་དངུལ་བསྡུ་སྒྲིལ་བཅས་ལ་སྟབས་བདེ་སྐྲུན་ཚད་ཨ་སྒོར་དུང་ཕྱུར་49ལྷག་ཙམ་ཟིན་ཡོད། ཁྲུང་ཆིང་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱིས་རིམ་རྩིས་བརྒྱབ་ན་གཙོ་གནད་ལམ་ལུགས་ཀྱི་གསར་གཏོད་གྲུབ་འབྲས་148གཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།