དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས།

    བྱ་ཐབས་རབ་དང་རིམ་པ་བཏོན་ནས་ཁྲལ་འཇལ་མཁན་ས་ཁུལ་སྒྲོལ་ནས་གནས་སྤོ་བྱེད་པར་སྔར་བས་སྟབས་བདེ་བསྐྲུན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-20

    ཚེས་15ཉིན་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས《ཁྲལ་འཇལ་མཁན་ས་ཁུལ་སྒྲོལ་ནས་གནས་སྤོ་བྱེད་པར་སྔར་བས་སྟབས་བདེ་བསྐྲུན་ཏེ་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)ཕྱི་ཕྱོགས་ལ་ཁྱབ་བསྒྲགས་བྱས་ནས“ལས་དོན་མ་བསྒྲུབས་གོང་དྲན་སྐུལ་བྱེད་ཐབས་ལེགས་སུ་གཏོང་རྒྱུ”དང་། “ལས་དོན་བསྒྲུབ་རིང་མྱུར་ཚད་མགྱོགས་སུ་གཏོང་རྒྱུ” “ལས་དོན་བསྒྲུབས་རྗེས་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་རྒྱུ”བཅས་ཀྱི་ལྷུ་ཚིགས་ཡོངས་ནས་བྱེད་ཐབས་རབ་དང་རིམ་པ་བཏོན་ཏེ་ཁྲལ་འཇལ་མཁན་ས་ཁུལ་སྒྲོལ་ནས་གནས་སྤོ་བྱེད་པར་སྔར་བས་སྟབས་བདེ་སྐྲུན་པ་དང་ཁྲལ་འབབ་ཚོང་གཉེར་གྱི་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་ནས། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ལ་སྔར་བས་ལེགས་པའི་ངང་ཞབས་འདེགས་ཞུ་རྒྱུ་རེད། 《བརྡ་ཐོ》དེ་ཟླ་9ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

    “ལས་དོན་མ་བསྒྲུབས་གོང་དྲན་སྐུལ་བྱེད་ཐབས་ལེགས་སུ་གཏོང་རྒྱུའི”ཐད《བརྡ་ཐོའི》ནང་རང་འགུལ་ངང་སྒྲུབ་གཉེར་ཁྲིད་སྟོན་ཁྱབ་སྤེལ་གཏོང་དགོས་ཞེས་བཏོན་ཡོད། ཁྲལ་དོན་ལས་ཁུངས་ཀྱིས་ཁྲོམ་ར་ལྟ་འདོམས་སྡེ་ཚན་དང་ཐོ་འགོད་ཆ་འཕྲིན་མཉམ་སྤྱོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཁྲོམ་ར་ལྟ་འདོམས་སྡེ་ཚན་དང་མཉམ་སྤྱོད་བྱས་པའི་ས་ཁུལ་སྒྲོལ་བའི་སྡོད་གནས་འགྱུར་ལྡོག་ཐོ་འགོད་ཆ་འཕྲིན་གཞིར་བཟུང་གློག་རྡུལ་ཁྲལ་དོན་ཅུས་སོགས་ཀྱི་ཐབས་ལམ་བརྒྱུད་རང་འགུལ་ངང་ཁྲལ་འཇལ་མཁན་ལ་ས་ཁུལ་སྒྲོལ་བའི་གནས་སྤོའི་དཔྱ་ཁྲལ་དང་འབྲེལ་བ་ཡོད་པའི་དོན་ཚན་བསྒྲུབ་རྒྱུར་ཁྲིད་སྟོན་བྱས་ནས། ཁྲལ་འཇལ་མཁན་ལ་ཁྲལ་དོན་དང་འབྲེལ་བ་ཡོད་པའི་དོན་ཚན་བསྒྲུབ་རྒྱུའི་དྲན་སྐུལ་བྱེད་དགོས། ཁྲལ་འཇལ་མཁན་ལ་དཔྱ་ཁྲལ་དང་འབྲེལ་བ་ཡོད་པའི་དོན་དག་བསྒྲུབས་མེད་རིགས་དུས་གཅིག་ཏུ་ཁྲལ་དོན་མི་སྣར་དུས་བཀག་ལྟར་བསྒྲུབ་དགོས་པའི་དྲན་སྐུལ་དང་དུས་བཀག་ལྟར་བསྒྲུབས་པའི་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།