དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སི་ཁྲོན་གྱིས་བྱེད་པོ་སྣ་ཚོགས་ཀྱིས་ལྗང་མདོག་བུན་ལོར་འགྲེམས་པར་རྒྱབ་སྐྱོར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-20

    ཉེ་ཆར། སི་ཁྲོན་ཞིང་ཨུད་དངུལ་རྩ་གཞུང་ལས་ཁང་དང་མི་དམངས་དངུལ་ཁང་སི་ཁྲོན་ཞིང་ཆེན་ཡན་ལག་དངུལ་ཁང་སོགས་སྡེ་ཚན་10ཡིས《སི་ཁྲོན་ཞིང་ཆེན་གྱི་ལྗང་མདོག་དངུལ་རྩའི་གསར་གཏོད་འཕེལ་རྒྱས་ལས་དོན་ཇུས་གཞི(2024ལོ་ནས་2026ལོ་བར)》མཉམ་དུ་བཟོས་ནས་ཁྱབ་བསྒྲགས་བྱས་པ་རེད། 《ཇུས་གཞིའི》ནང་། 2026ལོར་སླེབས་སྐབས་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་དང་ས་གནས་ཀྱི་དོན་དངོས་དང་མཐུན་པའི་ལྗང་མདོག་དངུལ་རྩ་དང་ཕྱོགས་སྒྱུར་དངུལ་རྩའི་ཞབས་ཞུའི་མ་ལག་གཞི་རྩའི་ཆ་ནས་བསྐྲུན་ཟིན་པ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ལྗང་མདོག་དངུལ་བུན་གྱི་ལྷག་གྲངས་ཀྱིས་དངུལ་བུན་ལྷག་གྲངས་ཁག་ནང་བཟུང་བའི་བསྡུར་ཚད་མཐོ་རུ་རྒྱུན་མཐུད་འགྲོ་བ་དང་། ལྗང་མདོག་ཡིད་རྟོན་དངུལ་བུན་གྱི་འཕར་ཚད་དེ་དངུལ་བུན་ཁག་གི་ཆ་སྙོམས་འཕར་ཚད་ལས་མཐོ་བ་བྱེད་དགོས་ཞེས་བཏོན་ཡོད།

    《ཇུས་གཞིའི》ནང་། ལྗང་མདོག་དངུལ་རྩའི་ཐོན་རྫས་མ་ལག་ཕུན་སུམ་ཚོགས་སུ་བཏང་ནས། སི་ཁྲོན་གྱིས་དངུལ་རྩའི་སྒྲིག་གཞིས་ཐཱན་བཙོག་འབུད་ཉུང་གཏོང་གི་རྒྱབ་སྐྱོར་བྱེད་ཐབས་དང་། “སི་ཁྲོན་གྱི་ཐཱན་ཁ་གསབ”སོགས་དངུལ་ལོར་སྲིད་ཇུས་ཀྱི་བྱེད་ཐབས་སྤྱད་དེ། ལྗང་མདོག་ཡིད་རྟོན་དངུལ་བུན་གྱི་ཐོན་རྫས་གསར་གཏོད་ལ་ཁྲིད་སྟོན་བྱེད་དགོས་པ་དང་། བྱེད་པོ་ཁག་གིས་ལྗང་མདོག་བུན་ལོར་དང་། ཐཱན་སྙོམ་སྦྱོར་དང་བུན་འཛིན། ལྗང་མདོག་རྒྱུ་ནོར་རྒྱབ་སྐྱོར་འཛིན་ལོར་སོགས་འགྲེམས་པར་རྒྱབ་སྐྱོར་བྱེད་དགོས་པ། ཁོར་ཡུག་སྦགས་བཙོག་འགན་འཁྲིའི་འགན་བཅོལ་སོགས་ཐོན་རྫས་ཁྱབ་གདལ་བཏང་ནས། ལྗང་མདོག་འགན་བཅོལ་གྱི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་བཅས་ཁ་གསལ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།