དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ཁེ་ལས་ཀྱིས་ཚོང་ཟོག་ཕྱིར་གཏོང་གི་ཐབས་ལམ་གསར་པར་གྲོས་བསྡུར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-20

    ཟླ་8ཚེས་16ནས་18ཉིན་བར། དུས་ཡུན་ཉིན་གསུམ་གྱི་2024ལོའི་ཀྲུང་གོ(ཀོང་ཏུང)—RCEPཁོངས་མིའི་རྒྱལ་ཁབ་ཀྱི་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་སྤེལ་རེས་ཚོགས་འདུ་དང་ཀྲུང་གོ(ཀོང་ཀྲོའུ)རྒྱལ་སྒྲོལ་དྲ་ཐོག་ཚོང་འདུས་ཀོང་ཀྲོའུ་རུ་འཚོགས་པ་དང་། རྒྱལ་ཁབ་ཕྱི་ནང་གི་ལས་སྟེགས་དང་དེ་བཞིན་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ལས་རིགས་ཀྱི་ཐོན་ལས་འཁོར་འབྲེལ་ཁེ་ལས་1000ལྷག་ཙམ་ཞུགས་ཡོད་པ་རེད།

    ཀོང་ཏུང་ཞིང་ཆེན་ཚོང་དོན་ཐིང་གི་ཐིང་ཀྲང་ཀྲང་ཅིན་སུང་གིས། ཉེ་བའི་ལོ་ཤས་རིང་། རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་ཚོང་དོན་གྱི་གཞི་ཁྱོན་མགྱོགས་མྱུར་ཆེ་རུ་ཕྱིན་པ་དང་། འཕེལ་རྒྱས་ལས་སྟེགས་ཀྱི་ནུས་རིམ་མཐོ་རུ་ཕྱིན་པ། ཐོན་ལས་སྐྱེ་ཁམས་སྣ་མང་གཅིག་ཏུ་སྡུད་པ། རྒྱལ་སྤྱིའི་མཉམ་ལས་ཉིན་བཞིན་གཏིང་ཟབ་ཏུ་འགྲོ་བ་སོགས་ཀྱི་འཕེལ་ཕྱོགས་མངོན་ཡོད། ཀོང་ཏུང་གིས་དེ་བས་སྤུས་ལེགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ལས་སྟེགས་སྤུས་ལེགས་དང་ཁེ་ལས་སྣ་ཚོགས་དེ་བས་མང་བ་ཀོང་ཏུང་དུ་གཞིས་ཆགས་པར་ལྷག་བསམ་ཟོལ་མེད་ཀྱིས་དགའ་བསུ་ཞུ་གི་ཡིན་ཞེས་བརྗོད།

    ཚོགས་འདུའི་ཐོག་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ལས་རིགས་མཐུན་ཚོགས་དང་ཁེ་ལས་ཀྱི་འཐུས་མི་སོགས་ཀྱིས་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲོས་འགོ་ཁག་5ཐུན་མོང་ཐོག་ཁྱབ་བསྒྲགས་བྱས་པ་སྟེ། ཞབས་ཞུའི་སྤུས་ཚད་ལེགས་སུ་བཏང་ནས་འཛད་སྤྱོད་པའི་ཡིད་ཆེས་ཆེ་རུ་གཏོང་བ་དང་། སྤུས་རྟགས་ཀྱི་འདུ་ཤེས་བཙུགས་ནས་སྤུས་རྟགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ལག་རྩལ་གསར་གཏོད་ལ་སྐུལ་འདེད་བཏང་ནས་ལས་རིགས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། ལས་རིགས་ཀྱི་རང་གཅུན་ལ་ཤུགས་སྣོན་བརྒྱབ་ནས་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱེད་པ། རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཁྲོམ་རའི་བར་མཐོངས་རྒྱ་སྐྱེད་གཏོང་བ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།