དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྐས་ཞིང་འདབས་ཀྱི་གྲོང་ཚོ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-20

    ཉི་གཞོན་ཁྲོད་ཀྱི་པའེ་ཡན་གྲོང་ཚོ་ཡིན་པ།

    ཡུལ་སྐོར་བས་རྩེད་མོ་རྩེ་བཞིན་པ།

    གྲོང་མིས་ལས་ཀ་བྱེད་བཞིན་པ།

    པའེ་ཡན་གྲོང་ཚོ་ནི་ཀུའེ་ཀྲོའུ་ཞིང་ཆེན་ཆན་ཤར་ལྷོའི་མེའོ་རིགས་ཏུང་རིགས་རང་སྐྱོང་ཀྲོའུ་ལུའེ་ཧྲན་རྫོང་གི་ཤར་ལྷོའི་རྒྱུད་དུ་གནས་ཡོད། གྲོང་ཚོར་སྐྱོད་སྐབས་ཕྱོགས་བཞི་རི་བོས་བསྐོར་བ་དང་། ནགས་ཚལ་སྔོ་ཞིང་སྟུག་པ། མེའོ་རིགས་ཀྱི་སྲོལ་རྒྱུན་ཡུལ་མིའི་སྡོད་ཁང་སྐས་ཞིང་གི་འདབས་སུ་རིམ་པར་ཆགས་པ་བཅས་ཧ་ཅང་མཛེས་ཤིང་ལྟ་ན་སྡུག

    ཉེ་བའི་ལོ་ཤས་རིང་། པའེ་ཡན་གྲོང་ཚོས་ཁྱད་ལྡན་ཐོན་ཁུངས་སྤྱད་དེ་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ཧུར་ཐག་དང་ཁྱད་ལྡན་དམངས་སྲོལ་གནས་ཚང་དང་རིག་གནས་བྱེད་སྒོ་ཕུན་སུམ་ཚོགས་སུ་བཏང་བ་སོགས་བྱས་ཏེ་ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་བཀུག་པ་མ་ཟད། ས་གནས་དེ་གའི་ཡུལ་མི་སྒོ་འགྲམ་དུ་ལས་ཞུགས་དང་འབབ་འཕར་ཡོང་བར་སྐུལ་ཁྲིད་ཀྱང་བྱས་ཡོད། 2023ལོར་པའེ་ཡན་གྲོང་ཚོས་ཡུལ་སྐོར་བ་མི་ཐེངས་ཁྲི་2ཙམ་ལ་སྣེ་ལེན་ཞུས་པར། ཡུལ་སྐོར་ལས་རིགས་ཀྱི་ལོ་རེའི་གཉེར་སྐྱོང་ཡོང་འབབ་སྒོར་ཁྲི་175ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།