དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-20

    ཉེ་བའི་ལོ་ཤས་རིང་། ཨན་ཧུའེ་ཞིང་ཆེན་པོ་ཀྲོའུ་གྲོང་ཁྱེར་ལི་ཤིན་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་གྲོང་གསེབ་ཕྱོགས་ཡོངས་དར་རྒྱས་ལ་སྐུལ་འདེད་བཏང་ཡོད། ས་གནས་དེ་གས“གྲོང་རྡལ་གཅིག་ལ་ཐོན་ལས་གཅིག”དང“གྲོང་ཚོ་གཅིག་ལ་ཐོན་རྫས་གཅིག”གི་དཔེ་སྟོན་གྲོང་རྡལ་དང་གྲོང་ཚོ་འཛུགས་གཏོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། དེང་རབས་ཞིང་ལས་ལ་བརྟེན་ནས་ཐོན་ལས་དར་རྒྱས་ལ་སྐུལ་ཁྲིད་དང་ཐོན་ལས་དར་རྒྱས་ལ་བརྟེན་ནས་མང་ཚོགས་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་པ་དང་ཆབས་ཅིག གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྐྱོང་ལས་དོན་ཟམ་མི་ཆད་པར་གཏིང་ཟབ་སྤེལ་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཐོག་ཞིང་ཆེན་རིམ་པའི་མཛེས་སྡུག་ལྡན་པའི་ལྟེ་བའི་གྲོང་ཚོ་མང་པོ་ཞིག་སྐྲུན་འགོ་ཚུགས་ཡོད་པ་རེད། འདི་ནི་ལི་ཤིན་རྫོང་རུའུ་ཅི་གྲོང་རྡལ་རུའུ་ཡོན་གྲོང་ཚོའི་རྣམ་པ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།