དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས་ཀྱི་ནང་དོན་གཙོ་བོ་ཤེས་པར་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-20

    ཁྱེད་ཀྱིས་ཤེས་སམ།

    ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ཞེས་པ་གང་ཞིག་ཡིན་ནམ།

    ◆ ཏང་གི་ཆེས་མཐོའི་འགོ་ཁྲིད་ལས་ཁུངས་ནི་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་དང་དེ་ལས་ཐོན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་རེད།

    ◆ རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྲོལ་རྗེས་སུ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཏང་གི་ལས་དོན་ཡོངས་རྫོགས་ལ་འགོ་ཁྲིད་བྱེད་པ་དང་། ཕྱི་ཕྱོགས་སུ་ཀྲུང་གོ་གུང་ཁྲན་ཏང་གི་ཚབ་བྱེད་ཀྱི་ཡོད།

    ◆ ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ནི་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱིས་འདེམས་བསྐོ་བྱས་ནས་བདམས་ཐོན་བྱུང་ཞིང་། ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་ལས་གྲུབ་པ་དང་སྐབས་རེ་རེའི་འགན་འཁུར་ཡུན་ལོ་ལྔ་རེད།

    ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཞེས་པ་གང་ཞིག་ཡིན་ནམ།

    ◆ ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྐོང་ཚོགས་བྱེད་པ།

    ◆ ལོ་རེར་ཉུང་མཐར་ཡང་ཐེངས་རེ་ཚོགས་པ།

    ◆ ཚོགས་འདུའི་གྲོས་གཞི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཏང་ནང་ཁུལ་གྱི་ཁྱབ་ཁོངས་ངེས་ཅན་ཞིག་གི་ནང་བསམ་འཆར་བསྡུ་ལེན་བྱས་རྗེས་གཏན་འཁེལ་བྱེད་ཀྱི་ཡོད།

    ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ ལ་སུ་ཞིག་ཞུགས་ཀྱི་ཡོད་དམ།

    ◆ ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན།

    ◆ ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ལ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཕྱེད་ཀ་ཡན་ཚོགས་འདུར་ཞུགས་ན་གཞི་ནས་སྐོང་ཚོགས་བྱེད་ཆོག

    ◆ དགོས་མཁོར་གཞིགས་ནས་འབྲེལ་ཡོད་མི་སྣ་གྲོས་ཚོགས་ལ་ཟུར་ཞུགས་སུ་བཀོད་སྒྲིག་བྱེད་ཆོག

    ཚོགས་ཆེན་ཉི་ཤུ་པ་འཚོགས་ཚུན་ཀྲུང་དབྱང་གི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གིས་ནང་དོན་གང་དག་

    ལ་ཞིབ་འཇུག་བྱས་ཡོད་དམ།

    ◆ སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ།

    དུས་ཚོད། 2022ལོའི་ཟླ་10ཚེས་23ཉིན།

    ཀྲུང་དབྱང་གི་འགོ་ཁྲིད་ལས་ཁུངས་སྐབས་གསར་པ་བདམས་ཐོན་བྱུང་བ།

    ◆ སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ།

    དུས་ཚོད། 2023ལོའི་ཟླ་2ཚེས་26ནས་28ཉིན་བར།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོར་འོས་སྦྱོར་བྱེད་རྒྱུའི་རྒྱལ་ཁབ་ལས་ཁུངས་ཀྱི་འགོ་ཁྲིད་མི་སྣའི་འོས་མིའི་གྲོས་འགོའི་མཚན་ཐོ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོར་འོས་སྦྱོར་བྱེད་རྒྱུའི་རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་མི་སྣའི་འོས་མིའི་གྲོས་འགོའི་མཚན་ཐོར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ།

    《ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་ཇུས་གཞི》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ།

    ◆ སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ།

    དུས་ཚོད། 2024ལོའི་ཟླ་7ཚེས་15ནས་ཚེས་18ཉིན་བར།

    《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།