ནང་སོག་གི་ཀྲེ་ལི་མུའུ་རྟ་རྒྱུག་འགྲན་བསྡུར་དུས་ཆེན་སྐབས་25པ་འགོ་ཚུགས་པ།
ཉེ་ཆར་8·18ཀྲེ་ལི་མུའུ་རྟ་རྒྱུག་འགྲན་བསྡུར་དུས་ཆེན་སྐབས་25པའི་ནང་སོག་གི་ཐུང་ལེའོ་གྲོང་ཁྱེར་ཁོར་ཆིན་ནཱ་ཏ་མུའུ་རིག་གནས་ལུས་རྩལ་ལྟེ་གནས་སུ་འགོ་ཚུགས་ཤིང་། སྲོལ་རྒྱུན་ལུས་རྩལ་དང་། མི་རིགས་རིག་གནས། ཁྱད་ལྡན་ཡུལ་སྐོར་བཅས་གཞི་གཅིག་ཏུ་འདུས་པའི་རྟ་རྒྱུག་འགྲན་བསྡུར་དུས་ཆེན་དེ་ཐུང་ལེའོ་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་གྱི་མིང་བྱང་ལྟ་བུར་གྱུར་ཡོད། འདི་ནི་ཐུང་ལེའོ་གྲོང་ཁྱེར་གྱི་ཆི་དང་། རྫོང་། གྲོང་ཁྱེར། ཆུས་བཅས་ཁག་གི་འབྲོག་པའི་འཐུས་མིས་རྟ་བཞོན་ནས་ཚོགས་རར་ཡོང་བཞིན་པ།