རྩྭ་ཐང་སྟེང་ཆགས་པའི“ལྗང་གློག་ཧ་ཡང”གི་གྲོང་ཁྱེར།
ནང་སོག་ཧོ་ལིན་ཀུའོ་ལེ་གྲོང་ཁྱེར་དེ་ཉིད་རང་རྒྱལ་གྱི་བྱང་ཤར་ས་ཁུལ་དུ་གནས་ཤིང་། དེ་སྔ“རྡོ་སོལ་དང་། གློག ཧ་ཡང་བཅས་ཀྱི་གྲོང་ཁྱེར”ཞེས་པའི་མཚན་སྙན་ལས་གང་སར་སྐད་གྲགས་ཆོད་ཡོད། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་རྗེས་ཧོ་ལིན་ཀུའོ་ལེ་གྲོང་ཁྱེར་གྱིས“ཐཱན་གཉིས”ཀྱི་དམིགས་ཚད་ལ་དམ་པོར་དམིགས་ཏེ། ནུས་རྒྱུའི་གྲུབ་ཆ་ཕྱོགས་སྒྱུར་རིམ་སྤོར་གྱི་གོམ་སྟབས་མགྱོགས་སུ་གཏོང་བ་དང་ཧ་ཡང་ཐོན་ལས་ལྗང་མདོག་ཅན་དང་། ལེགས་བསྡུས་ཅན། རྩེར་སོན་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་གྲོང་ཁྱེར་དེ“རྡོ་སོལ་དང་། གློག ཧ་ཡང་གི་གྲོང་ཁྱེར”ནས“ལྗང་གློག་ཧ་ཡང་གྲོང་ཁྱེར”གྱི་ཕྱོགས་སུ་རིམ་སྤོར་ལ་སྐུལ་ཁྲིད་བྱས་ཡོད། འདི་ནི་ནང་སོག་གི་ཐུང་ལེའོ་གྲོང་ཁྱེར་ཧོ་ལིན་ཀུའོ་ལེའི་རླུང་གློག་ར་བ་ཡིན་པ།