དེ་རིང་ཡིག་སྒྱུར་གྱི་ཕུལ་བྱུང་བརྩམས་ཆོས་16ལ་བྱ་དགའ་སྤྲད་འདུག
དེ་རིང་སྔ་དྲོ། བོད་རང་སྐྱོང་ལྗོངས་སྐབས་གསུམ་པའི་ཕུལ་བྱུང་ཡིག་སྒྱུར་བརྩམས་ཆོས་ཀྱི་གྲུབ་འབྲས་བྱ་དགའི་གཟེངས་བསྟོད་ཚོགས་ཆེན་བོད་ལྗོངས་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་ཤིང་། བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་དོན་ཁང(རྩོམ་སྒྱུར་ཅུས)གི་འགོ་ཁྲིད་དང་། རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གྱི་ཁོངས་མིའི་ཚན་པའི་འགོ་ཁྲིད། རང་སྐྱོང་ལྗོངས་ཡིག་སྒྱུར་ལས་དོན་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་དང་། ཚོགས་གཙོ་གཞོན་པ། དྲུང་ཆེ། དྲུང་ཆེ་གཞོན་པ། རྒྱུན་ལས་ལས་འཛིན་སོགས་དང་དེ་བཞིན་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་དང་། ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས། ལྷ་ས་གྲོང་ཁྱེར་རྩོམ་སྒྱུར་ཁོངས་གཏོགས་སོགས་ཀྱིས་གཙོས་པའི་ཚན་པའི་འགན་འཁུར་བ་དང་། ལས་སྒོའི་འཐུས་མི། ལོ་ཙཱ་བ་བསླབ་པ་རྒན་གྲས། ཕུལ་བྱུང་བརྩམས་ཆོས་ཀྱི་བྱ་དགའ་ཐོབ་པའི་ལོ་ཙཱ་བ་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།
ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་སྐབས་གསུམ་པའི་ཕུལ་བྱུང་ཡིག་སྒྱུར་བརྩམས་ཆོས་ལ་བྱ་དགའ་སྤྲོད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གྱི་གཏན་འབེབས》སྒྲོག་སྦྱངས་བྱས་པ་དང་འབྲེལ་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོགས་ནས་ཕུལ་བྱུང་བརྩམས་ཆོས་ཀྱི་བྱ་དགའ་ཐོབ་པའི་ལོ་ཙཱ་བར་བྱ་དགའ་སྤྲད་པ་རེད། དེ་རྗེས་བྱ་དགའ་ཐོབ་པའི་འཐུས་མིས་རང་རང་སོ་སོའི་ལོ་མང་གི་ཡིག་སྒྱུར་གྱི་ལག་ལེན་དང་ཉམས་མྱོང་སྐོར་ནས་གཏམ་བཤད་འཁྲུག་པོ་གནང་བས་ཚོགས་ར་ཡོངས་སུ་དགའ་བསུ་ཆེན་པོ་ཐོབ་པ་རེད།
ད་རེས《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་ཀློག་དེབ(2016ལོའི་པར་མ)》དང《བོད་རང་སྐྱོང་ལྗོངས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཕྱོགས་བསྒྲིགས》སོགས་བརྩམས་ཆོས་དྲུག་ལ་མཉམ་སྡེབ་ཀྱི་བྱ་དགའ་ཐོབ་པ་དང་།《ཧམ་ལེ་ཀྲི》དང《དུས་རབས་གསར་པའི་མདོ་གནད་རེ་རེ་བཞིན་གླེང་བ》《ཁེ་ལས་ཀྱི་རྩིས་པའི་རྨང་གཞི》སོགས་བརྩམས་ཆོས་བཅུ་ལ་མི་སྒེར་གྱི་བྱ་དགའ་ཐོབ་ཡོད་པ་རེད།
མཉམ་སྡེབ་ཀྱི་བྱ་དགའ་ཐོབ་པའི་བརྩམས་ཆོས་དང་ཚན་པ།
1.《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་ཀློག་དེབ(2016ལོའི་པར་མ)》ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་རྩོམ་སྒྱུར་ཁང་ནས་བསྒྱུར། 2.《བོད་རང་སྐྱོང་ལྗོངས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཕྱོགས་བསྒྲིགས(སྟོད་སྨད)》རང་སྐྱོང་ལྗོངས་རྩོམ་སྒྱུར་ཅུས་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུ་ལྷན་ཁང་གཞུང་དོན་ཐིང་རྩོམ་སྒྱུར་ཁང་ནས་བསྒྱུར།3.《ཀྲུང་གུང་ཏང་གི་ལོ་རྒྱུས་ཤེས་བྱ་རྒྱ་བོད་ཤན་སྦྱར་ཆིག་སྟོང་ཐམ་པ》ལྷ་ས་གྲོང་ཁྱེར་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང(རྩོམ་སྒྱུར་ཅུས)ནས་བསྒྱུར།4.《སྒྲུང་མཁན་བསམ་གྲུབ་ཀྱིས་ཕབ་པའི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང》བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཞིབ་འཇུག་སུའོ་ནས་བསྒྱུར།5.《དམ་པའི་ལམ》ལྷ་ས་གྲོང་ཁྱེར་སྨྱན་སྦྱོར་ལྟེ་གནས་ནས་བསྒྱུར།6.《འདྲེ་དམག་ཚར་གཅོད》བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ནས་བསྒྱུར།
མི་སྒེར་གྱི་བྱ་དགའ་ཐོབ་པའི་བརྩམས་ཆོས་དང་ལོ་ཙཱ་བ།
བྱ་དགའ་རིམ་པ་དང་པོ།
1. 《ཧམ་ལེ་ཀྲི》 ཉི་མ་དོན་གྲུབ་དང་སྐལ་བཟང་སྒྲོལ་དཀར་གྱིས་བསྒྱུར།2. 《ཆོས་ལུགས་རིག་པའི་མདོ་དོན》རྟ་མགྲིན་འབྲུག་གྲགས་དང་རྣམ་རྒྱལ་སྒྲོལ་དཀར་གྱིས་བསྒྱུར།3. 《སྡོམ་ཆར་ལོའི་དྲ་བ》 སྒྲགས་པ་པད་མ་དབང་ཆེན་གྱིས་བསྒྱུར།
བྱ་དགའ་རིམ་པ་གཉིས་པ།
《དུས་རབས་གསར་པའི་མདོ་གནད་རེ་རེ་བཞིན་གླེང་བ》བཀྲ་ཤིས་དཔལ་ལྡན་དང་བཀྲ་ཤིས་ཀྱིས་བསྒྱུར།2.《ཏང་གི་ལོ་རྒྱུས་དང་འབྲེལ་བའི་གཏམ་རྒྱུད་ཐུང་ངུ》པ་སངས་དབང་ཆེན་གྱིས་བསྒྱུར།3.《ཁེ་ལས་ཀྱི་རྩིས་པའི་རྨང་གཞི》བསོད་ནམས་བདེ་སྐྱིད་ཀྱིས་བསྒྱུར།4.《ནུབ་ཕྱོགས་ལོ་ཙཱའི་ལོ་རྒྱུས་བསྡུས་མ》ར་ས་བསྟན་འཛིན་ཆོས་གྲགས་དང་སྐྱིད་ཆུ་བསྟན་འཛིན་ཉི་མས་བསྒྱུར།5.《ལུའོ་ཧྲེང་སྒོ་མོ》རྒན་གོང་ཨོ་རྒྱན་རྡོ་རྗེས་བསྒྱུར།6.《དཔའ་བོ་བུ་དང་བུ་མོ》བློ་བཟང་ཆོས་སྒྲོན་གྱིས་བསྒྱུར།7.《རེ་བའི་ས་བོན》ལྷག་པ་ཚེ་རིང་དང་བློ་བཟང་དོན་གྲུབ་ཀྱིས་བསྒྱུར།
གསར་འགོད་པ། ཟླ་བ་ཚེ་རིང་རྒན་པ། ཁྲ་དོད། བསྟན་འཛིན་བློ་གྲོས། བཀྲ་ཤིས་ཚེ་དབང་། ཚེ་སྒྲོན།