དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འབྲོང་པ་རྫོང་གི་མ་ཡུམ་དང་ཡ་སི་མཱའི་སྲོལ་རྒྱུན་མཐའ་མཚམས་ཉོ་ཚོང་ས་ཚིགས་སླར་ཡང་སྒོ་ཕྱེ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-20

    ཉིན་ཤས་གོང་། གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་གིས་མཛད་སྒོ་འཚོགས་ནས་མ་ཡུམ་དང་ཡ་སི་མཱའི་ཀྲུང་གོ་དང་ནེ་པ་ལའི་སྲོལ་རྒྱུན་མཐའ་མཚམས་ཉོ་ཚོང་ས་ཚིགས་སླར་ཡང་སྒོ་ཕྱེ་ཡོད། དེ་དང་ཆབས་ཅིག ལེགས་རྩེ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་སྲོལ་རྒྱུན་གྱི་མཐའ་མཚམས་ཉོ་ཚོང་ས་ཚིགས་གཉིས་ཀྱི་མཐའ་སྲུང་ཞིབ་བཤེར་ལས་འགན་དངོས་སུ་སྒྲུབ་འགོ་ཚུགས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། མ་ཡུམ་དང་ཡ་སི་མཱའི་སྲོལ་རྒྱུན་མཐའ་མཚམས་ཉོ་ཚོང་ས་ཚིགས་ནི་ཚྭ་ལུག་གནའ་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་དང་ཀྲུང་གོ་དང་ནེ་པ་ལ་ཕྱོགས་གཉིས་པོའི་མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དངོས་ཟོག་མཁོ་སྤྲོད་འགན་ལེན་དང་མཐའ་མཚམས་ས་ཁུལ་དར་རྒྱས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་རེད། དེར་ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ཡན་ཟིན་གྱི་ཡོད། ད་ཐེངས་འབྲོང་པ་རྫོང་གི་སྲོལ་རྒྱུན་མཐའ་མཚམས་ཉོ་ཚོང་ས་ཚིགས་སླར་ཡང་སྒོ་ཕྱེ་བ་ནི་བོད་ཀྱིས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བར་རམ་འདེགས་དང་ཀྲུང་གོ་དང་ནེ་པ་ལ་ཕན་ཚུན་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བའི་བྱ་ཐབས་ནུས་ལྡན་ཞིག་རེད་ལ། ཀྲུང་གོ་དང་ནེ་པ་ལའི་སྲོལ་རྒྱུན་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་མཛའ་གྲོགས་སྤེལ་རེས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་དོན་སྙིང་གལ་ཆེན་ལྡན་ཡོད། ལེགས་རྩེ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་འགོ་འཛུགས་ས་མཐོན་པོས་ཐབས་ཇུས་འདིང་བ་དང་། ཚད་གཞི་མཐོན་པོས་སྐུལ་འདེད་གཏོང་བ། སྤུས་ཚད་མཐོན་པོས་དོན་འཁྱོལ་བཅས་མཐའ་འཁྱོངས་བྱས་ཏེ་བགྲོད་ལམ་སླར་གསོའི་ཞབས་ཞུ་འགན་ལེན་ལས་དོན་ཏན་ཏིག་བསྒྲུབས་ནས་སྲོལ་རྒྱུན་གྱི་མཐའ་མཚམས་ཉོ་ཚོང་བགྲོད་ལམ་སླར་གསོའི་ལས་དོན་བདེ་འཇགས་དང་། ཕན་འབྲས་ཆེ་བ། ཤར་གཏོང་བཅས་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།