དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2024ལོའི་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོའི་བོད་ཀྱི་ཚོགས་ར་གཙོ་བོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-20

    འདི་ལོའི་ཟླ་8ཚེས་15ཉིན་ནི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོ་ཐེངས་གཉིས་པ་ཡིན་ཞིང་། ཉིན་དེར། 2024ལོའི་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོའི་བོད་རང་སྐྱོང་ལྗོངས་ཀྱི་ཚོགས་ར་གཙོ་བོའི་བྱེད་སྒོ་ལྷ་སའི་རྫོང་རྒྱབ་ཀླུ་ཁང་དུ་སྤེལ་བ་རེད།

    ད་ལོའི་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོའི་བརྗོད་དོན་གཙོ་བོ་ནི“དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་བྱེད་མགྱོགས་སུ་གཏོང་བ”ཞེས་པ་ཡིན་པ་ཞིང་། བྱེད་སྒོ་སྤེལ་ཡུལ་དུ་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་འབྲེལ་ཡོད་ཚན་པ་སྒྲིག་འཛུགས་བྱས་ཏེ་དྲིལ་བསྒྲགས་འགྲེམས་པང་འཛུགས་པ་དང་ས་གནས་ས་ཐོག་ཏུ་འགྲེལ་བཤད་རྒྱག་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ལྗང་མདོག་འཚོ་བའི་རྒྱུན་ཤེས་ཁྱབ་གདལ་བཏང་སྟེ་གྲོང་མིར་ལྗང་མདོག་ཐཱན་ཉུང་དང་བདེ་ཐང་ཡ་རབས་ཀྱི་འཚོ་བའི་གོམས་གཤིས་འཇགས་པར་ཁྲིད་སྟོན་བྱས་པ་རེད།

    2023ལོའི་ལོ་མཇུག་བར། རང་ལྗོངས་ཀྱི་ནུས་རྒྱུའི་གྲུབ་ཆ་ཟམ་མི་ཆད་པར་ལེགས་སུ་ཕྱིན་ནས་ནུས་རྒྱུ་གཙང་མའི་གློག་འདོན་ཚད་95%ཡན་ཟིན་ནས་ནུས་རྒྱུ་གཙང་མ་འཛད་སྤྱོད་བྱེད་ཚད་ལྗོངས་ཡོངས་ཀྱི་ནུས་རྒྱུའི་འཛད་སྤྱོད་སྤྱི་འབོར་གྱི་50%ཡན་ཟིན་ཏེ་རང་སྐྱོང་ལྗོངས་ཀྱི་ཐཱན་ཚད་མཐོ་ཤོས་བྱ་སྤྱོད་ཀྱི“དུས་ཚོད་རེའུ་མིག”ནང་གཏན་འཁེལ་བའི་2025ལོའི་དུས་མཚམས་རང་བཞིན་གྱི་དམིགས་ཚད་སྔ་སྣུར་དུ་ལེགས་གྲུབ་བྱུང་ཡོད། བཟོ་ལས་དང་། བཟོ་སྐྲུན། འགྲིམ་འགྲུལ། སྤྱི་པའི་སྒྲིག་གཞི་སོགས་གཙོ་གནད་ཁྱབ་ཁོངས་སུ་ལྗོངས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་ཁེ་ལས་ཚན་པའི་བཟོ་ལས་འཕར་ཐང་གི་ནུས་རྒྱུ་ཟད་གྲོན་མངོན་གསལ་དོད་པོས་དམའ་རུ་ཕྱིན་ནས་རྒྱལ་ཁབ་རིམ་པའི་ལྗང་མདོག་བཟོ་གྲྭ་4དཔྱད་འདེམས་བྱུང་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་དུ་ལས་འགོ་ཚུགས་པའི་ལྗང་མདོག་བཟོ་བཀོད་ཀྱི་རྒྱ་ཁྱོན་63%ཡན་ཟིན་པ་དང་། ལྗོངས་ཡོངས་ཀྱི་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་87%ཡན་ཟིན་པ། སྤྱི་པའི་སྒྲིག་གཞིའི་མི་རེའི་ཆ་སྙོམས་ནུས་རྒྱུ་ཟད་གྲོན་དང་ཚན་པའི་བཟོ་བཀོད་རྒྱ་ཁྱོན་གྱི་ནུས་རྒྱུ་ཟད་གྲོན་2020ལོ་ལས་4.5%དང་6.4%ཁག་སོ་སོར་ཆག་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།