དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ད་ལོ་དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མཐོ་ཤོས་གཏོད་རེ་ཡོད་པ།

    སྔོན་དཔག་བྱས་ན་ལོ་ཧྲིལ་པོར་མི་ཐེངས་དུང་ཕྱུར་7ཟིན་བཟོ་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-19

    ཉིན་ཤས་གོང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཁའ་འགྲུལ་བདེ་འཇགས་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ཚོགས་འདུའི་ཐོག་ད་ལོའི་ལོ་སྟོད་དུ་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་གྱི་སྤྱིའི་འཁོར་སྐྱོད་བྱེད་ཚད་དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད། དངོས་ཟོག་དབོར་འདྲེན་བྱེད་ཚད་བཅས་2019ལོའི་དུས་མཚུངས་ལས་11.9%དང་། 9% 18.7%བཅས་སོ་སོར་འཕར་བ་དང་། སྔོན་དཔག་བྱས་ན། ལོ་ཧྲིལ་པོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་7ཟིན་ནས་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་གཏོད་རེ་ཡོད་ཅེས་བརྗོད།

    འགན་འཁུར་བས། མིག་སྔར་ཀྲུང་གོར་སྐྱེལ་འདྲེན་གནམ་གྲུ་4335ཡོད་པ་དང་། སྐྱེལ་འདྲེན་གནམ་ཐང་262ཡོད་པ། གནམ་ཐང་གི་ཤོང་ཚད་བསྡོམས་འབོར་མི་ཐེངས་དུང་ཕྱུར་16ཟིན་པ། མི་མེད་གནམ་གྲུ་ལོ་རེར་འཕུར་སྐྱོད་བྱེད་ཚད་ཆུ་ཚོད་ཁྲི་སྟོང་ཟིན་པ། གསར་དུ་ཐོ་འགོད་བྱས་པའི་མི་མེད་གནམ་གྲུའི་བསྡོམས་འབོར་ཟླ་རེར་ཆ་སྙོམས་ཁྲི་10ཡི་མྱུར་ཚད་ཐོག་ནས་མང་དུ་འགྲོ་བཞིན་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།