དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཕ་རི་སི་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པ་བཙུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-19

    ཚེས་16ཉིན་ཕ་རི་སི་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པ་པེ་ཅིང་དུ་བཙུགས་པ་རེད། འཐུས་མི་ཚོགས་པར་ཁྱོན་མི་གྲངས་516ཡོད་པའི་ནང་ལུས་རྩལ་པ་284ཡོད། ཀྲུང་གོ་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁྲེང་ཁའེ་ཡིས་ཚོགས་གཙོ་དང་། ཏང་ཙུའི་ཧྲུའུ་ཅི་དང་ལས་འཛིན་དཔོན་ཀྲོའུ་ཁྲང་ཁུའེ་ཡིས་ལག་བསྟར་ཚོགས་གཙོ། ཏང་ཙུའི་ཁོངས་མི་ལས་འཛིན་དཔོན་གཞོན་པ་ཡིའུ་ལེང་དང་ལས་འཛིན་ལི་ཏུང་ཧྲེང་གིས་ཚོགས་གཙོ་གཞོན་པ་བཅས་ཀྱི་འགན་ཁུར་བ་རེད།

    ལུས་རྩལ་པ་284ཡི་ནང་སྐྱེས་པ་126དང་བུད་མེད་158ཡོད། འཐུས་མི་ཚོཌ་པའི་ནང་རྩལ་ཁྲིད་པ་དང་། ལས་དོན་མི་སྣ། འགྲན་བསྡུར་གྱི་གཞོགས་འདེགས་མི་སྣ་བཅས་232ཡོད་པ་རེད། ལུས་རྩལ་པ་དེ་དག་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)25ནས་ཡོང་བ་དང་། ཆ་སྙོམས་ལོ་ཚད་25.8ཟིན་པའི་ནང་ལོ་ན་ཆེ་ཤོས་ལོ་48ལ་སླེབས་པའི་ཕིང་ཕང་སྤོ་ལོའི་ལུས་རྩལ་པ་ཞུང་ཀུའེ་ཡན་དང་ལོ་ན་ཆུང་ཤོས་ལོ་15ལ་སླེབས་པའི་ཆུ་རྐྱལ་ལུས་རྩལ་པ་ཀྲུའུ་ཧུའེ་ཡིན། གཞན་ཡང་། གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་པ་12ཡོད་པ་རེད། ལུས་རྩལ་པ་དེ་དག་གི་ལས་རིགས་ཁོངས་སུ་བཟོ་པ་དང་། ཞིང་པ། སློབ་མ། གཞུང་ལས་པ། ལས་མི། རང་མོས་ལས་རིགས་པ་སོགས་ཡོད་པའི་ནང་ནས་མི་189དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ལ་ཞུགས་མྱོང་བ་དང་མི་95དབང་སྐྱོན་ཨོ་རྩལ་འགྲན་ཚོཌ་ལ་ཞུགས་ཐེངས་དང་པོ་ཡིན་པ་རེད།

    འཐུས་མི་ཚོགས་པ་ཕ་རི་སི་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་མདའ་འཕེན་དང་། མཆོང་རྒྱུག་འཕེན་གསུམ། བྱ་སྒྲོའི་སྤོ་ལོ། རྐང་འཁོར། ལོང་བའི་རྐང་རྩེད་སྤོ་ལོ། ཚ་ཁ། ཕིང་ཕང་སྤོ་ལོ། ཐའེ་ཆོན་ཏའོ་དྲག་རྩལ། སྟེགས་འཁོར་གྲི་རྩེད། སྟེགས་འཁོར་ཝང་ཆིའུ་སྤོ་ལོ་སོགས་རྣམ་གྲངས་ཆེ་གྲས་19དང་རྣམ་གྲངས་ཆུང་གྲས་302ཀྱི་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།