དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཚན་རིག་མཁས་ཅན་བཞི་ལ་2024ལོའི་འབྱུང་འགྱུར་ཚན་རིག་གི་བྱ་དགའ་ཆེན་པོ་ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-19

    2024ལོའི་འབྱུང་འགྱུར་ཚན་རིག་གི་བྱ་དགའ་ཆེན་པོ་ཚེས་16ཉིན་ཁྱབ་བསྒྲགས་བྱས་ཤིང་། ཏེང་ཧུང་ཁུའེ་སོགས་ཚན་རིག་མཁས་ཅན་བཞི་ལ་བྱ་དགའ་ཐོབ་པ་རེད།

    པེ་ཅིང་སློབ་ཆེན་པོ་ཡཱ་ཁྲིད་སྟེགས་ཀྱི་དགེ་རྒན་ཆེ་མོ་བ་དང་ཁྲང་ཕིང་ཚོད་ལྟ་ཁང་གི་ཚན་རིག་སྣེ་ཁྲིད་པ་ཏེང་ཧུང་ཁུའེ་ཡིས་རྫས་འགྱུར་གྱི་བྱ་ཐབས་སྤྱད་དེ་གཟུགས་གྲུབ་ཕྲ་ཕུང་དེ་ནུས་མང་ཕྲ་ཕུང་ཨ་མར་བསྐྱར་སྒྲིག་བྱས་ནས། ཕྲ་ཕུང་ལ་འགྱུར་ལྡོག་གཏོང་བའི་སྲོལ་བཏོད་པར“ཚེ་སྲོག་ཚན་རིག་བྱ་དགའ”ཐོབ་པ་དང་། ཀྲུང་གོ་ཚན་རིག་ཁང་ཏཱ་ལེན་རྫས་འགྱུར་དངོས་ཁམས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཀྲང་ཐའོ་དང་ཆིང་ཧྭ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ལི་ཡཱ་ཏུང་གིས“རྡུལ་ཕྲན་རྐྱང་མའི་འགྱུར་འདེད”ཀྱི་འཕེལ་རྒྱས་དང་བཀོལ་སྤྱོད་ཐད་གསར་གཏོད་རང་བཞིན་གྱི་ལེགས་སྐྱེས་ཕུལ་བར། “དངོས་རྫས་ཚན་རིག་བྱ་དགའ”ཐོབ་པ། ཀྲེ་ཅང་སློབ་ཆེན་གྲངས་རིག་མཐོ་རིམ་ཞིབ་འཇུག་གླིང་གི་དགེ་རྒན་ཆེ་མོ་བ་སུན་པིན་ཡུང་གིས་ལི་ཚོགས་མཚོན་རྟགས་སྨྲ་བའི་ཐད་ལེགས་སྐྱེས་ཆེན་པོ་ཕུལ་བར། “རྩིས་རིག་དང་རྩིས་འཁོར་གྱི་ཚན་རིག་བྱ་དགའ”ཐོབ་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཚན་རིག་པ་དང་ཁེ་ལས་མཁས་ཅན་ཚོགས་པས་མཉམ་དུ་བཏོད་པའི་འབྱུང་འགྱུར་ཚན་རིག་གི་བྱ་དགའ་ཆེན་པོ་ནི་2016ལོར་བཙུགས་པ་ནས་བཟུང་ལོ་རེར་ཐེངས་རེ་སྤྲོད་ཀྱི་ཡོད་པ་དང་། ད་བར་ཁྱོན་མི་39ལ་བྱ་དགའ་དེ་ཐོབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།