དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོར་ཐོན་སྐྱེད་ནུས་ཤུགས་གསར་མ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-19

    འདི་ནི་ཁྲང་ཁྲུན་རྒྱལ་སྤྱིའི་རླངས་འཁོར་སྟོན་ཚོགས་སྐབས་21པའི་ཐོག་ལྟ་སྐོར་བས་གློག་སྒུལ་རླངས་འཁོར་ལ་ལྟ་བཞིན་པ། ཐང་ཁེ་ཡིས་པར་བརྒྱབ།

    ཀྲུང་གོས“ཐོན་སྐྱེད་ནུས་ཤུགས་གསར་མ”འཕེལ་རྒྱས་གཏོང་དགོས་པ་བཏོན་པའི་དམིགས་ཡུལ་ནི་སྔོན་མའི་འཕར་ཐབས་ཀྱི་རྣམ་པ་ལས་སྒྲོལ་ནས་སྲོལ་རྒྱུན་བཟོ་ལས་དར་རྒྱས་གཏོང་བ་དང་རྨང་གཞིའི་སྒྲིག་བཀོད་རྒྱས་སྐྲུན་དང་ས་ཁང་ཐོན་ལས་ལས་རིགས་བཅས་ཀྱིས་འདེགས་སྐྱོར་བྱེད་པ་དང་། དཔལ་འབྱོར་མགྱོགས་མྱུར་འཕར་བས་ཚད་འཇལ་བྱེད་པའི་བྱེད་ཐབས་ཤིག་རེད། སླད་ཕྱིན་ཆེས་སྔོན་ཐོན་ལག་རྩལ་ལ་དོ་ཁུར་བྱེད་ཚད་ཆེ་རུ་འགྲོ་རྒྱུ་དང་གཙོ་བོ་ནི་སྤུས་ཚད་འཕེལ་རྒྱས་གཏོང་རྒྱུ་དེ་རེད།

    “ཐོན་སྐྱེད་ནུས་ཤུགས་གསར་མའི”ཚིག་དེ་རྒྱུན་དུ་ཀྲུང་གོ་ད་ཆ་སྟོབས་འབྱོར་ལྡན་པ་དང་ཁྱབ་ཁོངས་ཁག་གཅིག་ཏུ་ཐ་ན་གོ་ལ་ཧྲིལ་པོར་སྣེ་ཁྲིད་བྱེད་པའི་འབྱུང་འགྱུར་ལག་རྩལ་ལྡན་པའི་མཚོན་བྱེད་ཀྱི་ཚིག་ཏུ་སྤྱོད་ཀྱི་ཡོད། རྒྱུན་དུ་བརྗོད་པའི་ཁྱབ་ཁོངས་གསུམ་ནི། ནུས་རྒྱུ་གསར་པའི་རླངས་འཁོར་དང་། ལི་གློག་རྫས། འོད་ཤུགས་ཐོན་རྫས་བཅས་ཡིན། གོ་ལ་ཅན་གྱི་རིག་མཛོད་ཁང་གི་ཀྲུའུ་རེན་གཞོན་པ་སུའུ་ཀྲོའུ་སློབ་ཆེན་གྱི་འཆད་ཁྲིད་དགེ་རྒན་ཆེ་མོ་བ་ཀའོ་ཀྲེ་ཁའེ་ཡིས་ཁྱབ་ཁོངས་ལ་ལར་གཏན་འཁེལ་རང་བཞིན་གྱི་ཐོན་སྐྱེད་གཞི་རྒྱུར་གྱུར་པའི་གྲངས་གཞིས་ལྟེ་བའི་ནུས་པ་ཐོན་རྒྱུ་རེད། དཔེར་ན། གྲངས་འཛིན་དཔལ་འབྱོར་དང་མི་ཐབས་རིག་ནུས་ལྟ་བུའི་ཁྱབ་ཁོངས་འགར་ཐོན་སྐྱེད་ནུས་ཤུགས་གསར་མ་དབྱར་མཚོ་རྒྱས་པར་ལྟར་འཕེལ་རྒྱས་ཕྱིན་པའི་ངོས་འཛིན་བྱས་པ་རེད།

    2022ལོར་ཀྲུང་གོས་ཞིབ་འཇུག་དང་ཚོད་ལྟ་འཕེལ་རྒྱས་ལ་མ་དངུལ་གཏོང་ཚད་10.1%འཕར་ཡོད། ཀྲུང་གོ་སྲིད་གཞུང་གིས་སྔོན་རྩིས་སྙན་སྒྲོན་ནང་འདི་ལོ་ཀྲུང་དབྱང་གི་རིམ་པ་དེ་གའི་ཚན་རྩལ་གཏོང་སྒོ་དང་ཀྲུང་དབྱང་གི་རིམ་པ་དེ་གའི་རྨང་གཞིའི་ཞིབ་འཇུག་གཏོང་སྒོ་ཁག་སོ་སོར་མཐོ་རུ་བཏང་ཡོད། ཀྲུང་གོ་སྲིད་གཞུང་གིས་གཞུང་ཁོངས་ཁེ་ལས་དང་དམངས་གཉེར་ཁེ་ལས་ཚང་མ་དེའི་ནང་ཞུགས་སུ་འཇུག་རྒྱུའི་གཏན་འབེབས་བྱས་པ་དང་འབྲེལ་ཁོང་ཚོས་དེ་བས་དམིགས་ས་ཡོད་པའི་སྒོ་ནས་ཞིབ་འཇུག་གསར་སྤེལ་ལ་མ་རྩ་འཇོག་ཤུགས་ཆེ་རུ་གཏོང་དགོས་པའི་སྐུལ་ལྕག་བྱས་ཡོད།

    —— འཇར་མན་གྱི《གཞོན་ནུའི་འཛམ་གླིང་ཚགས་པར》གྱི་དྲ་ཚིགས་ནས་བཏུས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།