དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་ནུས་རྒྱུ་ཕྱོགས་སྒྱུར་གྱི་ལས་ལ་གཞོལ་བ་ལས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-19

    འདི་ནི་ཅང་སུའུ་ཞིང་ཆེན་སུའུ་ཆེན་གྲོང་ཁྱེར་སི་ཧུང་རྫོང་ཧྲོང་ཀོའུ་ཀྲེང་གྲོང་རྡལ་གྱི་རླུང་ཤུགས་དང་འོད་ཤུགས་ཀྱི་གློག་གཏོང་སྒྲིག་ཆས་ཡིན་པ། ལིའུ་ཡེ་ཡིས་པར་བརྒྱབ།

    མི་རྣམས་ཧང་སངས་དགོས་པའི་ཀྲུང་གོའི་སྐྱེ་ཁམས་ཕྱོགས་སྒྱུར་འཕེལ་རིམ་གྱི་གྲངས་འཛིན་དར་ཁྱབ་འགྲོ་བཞིན་ཡོད་པ་དང་ཀྲུང་གོས་ལྗང་མདོག་ནུས་རྒྱུ་རྒྱ་སྐྱེད་ཐད་རྩོད་གླེང་བྲལ་བའི་རིམ་པ་ཁག་གི་འཛམ་གླིང་གི་ཨང་དང་པོར་འགྱུར་རྒྱུའི་བརྗིད་ཆེའི་ཕུགས་འདུན་བཀོད་ཡོད། རྒྱལ་སྤྱིའི་ནུས་རྒྱུ་ཧྲུའུ་ཡི་གྲངས་གཞི་ལ་གཞིགས་ན། 2028ལོར་སླེབས་སྐབས་གོ་ལ་ཧྲིལ་པོའི་གསར་འཕར་བསྐྱར་སྐྱེས་ནུས་རྒྱུ་ནས་གློག་གཏོང་ཚད་60%ཀྲུང་གོ་ནས་བྱུང་བཟོ་ཡོད་པ་དང་། 2023ལོར་ཀྲུང་གོའི་གློག་དྲ་སྦྲེལ་བའི་འོད་ཤུགས་གློག་གཏོང་ནུས་པ་དེ་འཛམ་གླིང་རྒྱལ་ཁབ་གཞན་དག་གི་བསྡོམས་འབོར་དང་མཚུངས་ཀྱི་ཡོད།

    ཀྲུང་གོས་2030ལོར་སླེབས་སྐབས་ཉི་ནུས་དང་རླུང་ནུས་ཀྱི་གློག་ཁང་རྒྱས་སྐྲུན་གྱི་དམིགས་ཚད་ལོ་6གི་སྔ་སྣུར་དུ་འགྲུབ་རེ་ཡོད་ཅིང་། 2023ལོ་ནས་2028ལོའི་བར། ཀྲུང་གོའི་གསར་འཕར་གྱི་ཉི་ནུས་དང་རླུང་ནུས་ཀྱི་གློག་གཏོང་ནུས་པ་ཡོ་རོབ་ཀྱི་རྒྱལ་ཁབ་27ཚང་མའི་བསྡོམས་འབོར་གྱི་ལྡབ་4དང་ཨ་རིའི་ལྡབ་5ཟིན་བཟོ་ཡོད་པ་རེད།

    ཤེས་གསལ་ལྟར། ཀྲུང་གོས་ནུས་རྒྱུ་མཁོ་སྤྲོད་ཀྱི་དུས་རབས་སྒྱུར་མཚམས་མངོན་འགྱུར་ཡོང་བར་འབད་བརྩོན་བྱས་པ་ལས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད། ཨོ་སི་ཁྲུ་རི་ཡའི་རྩོམ་པ་པོ་ཞིག་གིས“དེང་རབས་ཀྱི་མི་རྣམས་ཀྱིས་ལོ་རྒྱུས་དོན་རྐྱེན་གྱི་ཆ་ཤས་ཤིག་ལས་དེའི་སྤྱི་ཡོངས་ནམ་ཡང་མཐོང་མི་ཐུབ་པའི”ངོས་འཛིན་བྱེད་ཀྱི་ཡོད། ང་ཚོའི་དུས་རབས་འདིའི་གཏམ་རྒྱུད་ཀྱང་དེ་ལས་མ་འདས་མེད། ད་ཆ་སྐྱེ་བོ་མང་པོར་ལྕག་སྐུལ་ཐེབས་པའི་བྱ་བ་མང་པོ་ཞིག་ཀྲུང་གོར་ཐོན་བཞིན་ཡོད།

    —— འཇར་མན་གྱི《མེ་ལོང》གཟའ་འཁོར་དུས་དེབ་ཀྱི་དྲ་ཚིགས་ནས་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།