དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་ཀྱིས་ལག་རྩལ་གསར་པ་57ཁྱབ་སྤེལ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-18

    མཚོ་སྔོན་ཉིན་རེའི་ཚགས་པར་དུ་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཤིས་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་པོས་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་མཉམ་དུ་སྐྲུན་པའི་ཁ་གསབ་གྲོས་མཐུན་ལ་མིང་རྟགས་འགོད་པའི་མཛད་སྒོ་ནས་ཤེས་རྟོགས་བྱས་པར། ཤིས་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་པོ་དང་ཞིང་ཆེན་མི་དམངས་སྨན་ཁང་གི་ཐུན་མོང་འབད་བརྩོན་འོག་ཞིང་ཆེན་དེའི་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་ཡོངས་ཀྱིས་མིག་སྔར་ལག་རྩལ་རྣམ་གྲངས་གསར་པ་57ཁྱབ་སྤེལ་བཏང་བ་ལས་རྣམ་གྲངས་39ཡིས་ཞིང་ཆེན་དེའི་སྟོང་ཆ་གསབ་པ་དང་རྣམ་གྲངས་10རྒྱལ་ནང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད།

    རྣམ་གྲངས་བསྐྲུན་རྗེས་གཉེར་སྐྱོང་བདེ་བླག་ཐུབ་ཆེད། ཤིས་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་པོ་དང་ཞིང་ཆེན་མི་དམངས་སྨན་ཁང་དབར་མཉམ་ལས་གཏིང་ཟབ་བྱས་ནས་བར་བརྒལ་ནད་ཁུལ་བཙུགས་པ་དང་ཤིས་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་པོའི་དོ་དམ་བྱེད་ཐབས་ནང་འདྲེན་བྱས་ནས“ཀྲུའུ་རེན་གཉིས་ལམ་ལུགས”ལག་བསྟར་བྱས་ཏེ་སྤུས་ཚད་གཅིག་མཚུངས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག་དབང་རྩའི་ཕྱི་ནད་ཚན་ཁག་དང་། དབང་རྩའི་ཁོག་ནད་ཚན་ཁག སྙིང་ཁམས་ཁྲག་རྩའི་ཁོག་ནད་ཚན་ཁག ཁྲག་རྩ་ཆེན་པོའི་སྙིང་ཁམས་ཕྱི་ནད་ཚན་ཁག་བཅས་ལ་དམིགས་ནས་ལག་རྩལ་ཁྱབ་སྤེལ་བཏང་སྟེ་ལེགས་ལྡན་ཆེད་ལས་ཚན་ཁག་གཏོད་རྒྱུ་རེད། ཤིས་ཨན་འགྲིམ་འགྲུལ་སློབ་ཆེན་ཞོར་གཏོགས་སྨན་ཁང་དང་པོས་སྨན་བཅོས་ལག་རྩལ་དང་དོ་དམ་རིགས་གཅིག་མཁས་ཅན་53མཚོ་སྔོན་དུ་ལས་ཀར་བཏང་ནས་གཤགས་བཅོས་ཁྲི་1.39དང་། མི་ཐེངས་ཁྲི་35.8ལ་ནད་བརྟག་སྨན་བཅོས་བྱས་པ་དང་། མི་ཐེངས་81ལ་རྒྱང་བརྟེན་སྨན་བཅོས་ཞབས་འདེགས་ཞུས་པ་རེད། མཉམ་ལས་ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་མཉམ་ལས་ལ་ཕན་འབྲས་རགས་ཙམ་ཐོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།