དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་གྲོང་ཁྱེར་མང་པོས་རང་འགུལ་འཁོར་གཏོང་ཚོད་ལྟ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-18

    འདི་ནི་པེ་ཅིང་དབྱི་ཀྲོང་གི་རང་འགུལ་འཁོར་གཏོང་གི་དཔེ་སྟོན་ཁུལ་དུ་རིག་གནས་དྲ་སྦྲེལ་རླངས་འཁོར་སྒྲིག་སྦྱོར་སྙོམས་སྒྲིག་དང་གཉེར་སྐྱོང་ཉམས་བཟོའི་ལས་མིས་རང་འགུལ་འཁོར་གཏོང་གི་ཚོད་ལྟའི་རླངས་འཁོར་ཞིག་སྒྲིག་ཆས་ལ་ཚད་ལེན་ཚོད་ལྟ་བྱེད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་པར་བླངས།

    ཉེ་ཆར། ཧེང་ཆིང་གཡོད་ཨའོ་མཉམ་ལས་གཏིང་ཟབ་ཁུལ་གྱིས་སྤྱི་ལེ་330ཡི་ཁུལ་ཁོངས་ཡོངས་ཀྱི་ལམ་དྲ་དེ་ཉིད་རིག་ནུས་དྲ་སྦྲེལ་རང་འགུལ་འཁོར་གཏོང་གི་འགྲོ་ལམ་ཚོད་ལྟ་བྱེད་ས་དང་དཔེ་སྟོན་བཀོལ་སྤྱོད་བྱེད་སའི་ལམ་བུར་བཀོད་སྒྲིག་བྱས་པ་ལས། ཧེང་ཆིང་གི་རང་འགུལ་འཁོར་གཏོང་ལག་རྩལ་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད། མིག་སྔར་རང་འགུལ་འཁོར་གཏོང་བྱེད་ཆོག་པའི་ཀྲུང་གོའི་གྲོང་ཁྱེར་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།

    འཕྲུལ་ཆས་ལ་ཚོད་འཛིན་བྱེད་པའི་དྲ་རྒྱ་གཙོ་བོས་འགྲོ་ལམ་ཁག་གི་གྲངས་གཞི་ཤེས་རྟོགས་ཇི་ཙམ་མང་བ་བྱས་ན། རང་འགུལ་འཁོར་གཏོང་དེ་ཚོད་ཀྱིས་ལེགས་པ་དང་བདེ་འཇགས་ཆེ་བ་ཡོད། མིག་སྔར་ཀྲུང་གོས་རང་འགུལ་འཁོར་གཏོང་ཁུལ་རྒྱ་ཆེ་རུ་བཏང་སྟེ་འགྲོ་ལམ་གྱི་གྲངས་གཞི་དེ་བས་ཆ་ཚང་བ་བསྡུ་རུབ་ཐུབ་པའི་བརྩོན་ལེན་བྱེད་ཀྱི་ཡོད། གཞན་ཡང་ཧེང་ཆིང་གིས། རང་འགུལ་འཁོར་གཏོང་བཟོ་སྐྲུན་ཁེ་ལས་དང་དེ་བཞིན་ཞིབ་འཇུག་ཁང་སྔར་ལས་མང་བ་དེ་གར་ཡོང་སྟེ་རང་འགུལ་འཁོར་གཏོང་གི་ལས་རིགས་ཁྱུ་ཚོགས་བསྐྲུན་རྒྱུའི་རེ་བ་བྱེད་ཀྱི་ཡོད།

    ཀྲུང་གོའི་གྲོང་ཁྱེར་ཁག་གིས་ལམ་བུ་སྔར་ལས་མང་བ་རང་འགུལ་འཁོར་གཏོང་གི་ཚོད་ལྟ་བྱེད་ཁུལ་དུ་བཟོ་བཞིན་ཡོད། དེའི་ཁྲོད་ཀོང་ཏུང་ཞིང་ཆེན་ཧྲེན་ཀྲེན་གྲོང་ཁྱེར་ནི་འབྲེལ་ཡོད་ཞབས་ཞུ་སྔོན་ལ་མཁོ་འདོན་བྱེད་མཁན་གྲོང་ཁྱེར་གྱི་གྲས་ཤིག་ཡིན་པ་རེད། པེ་ཅིང་དང་། ཧྲང་ཧའེ། ཝུའུ་ཧན་བཅས་སུའང་རང་འགུལ་འཁོར་གཏོང་གི་ཚོད་ལྟ་བྱེད་འགོ་བཙུགས་ཡོད།

    —— ཨུ་རུ་སུའི་རང་དབང་སྨྱན་སྦྱོར་གྱིས་འཕྲིན་སྤེལ་བྱས་པ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།