དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྤྱི་བདེ་པུའུ་ཡིས།

    སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་བཏང་བའི་ཉེས་གསོག་གི་དཔེ་མཚོན་གྱོད་གཞི་ཞིག་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-18

    ཉེ་བའི་ལོ་ཤས་རིང་། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས“ཁུན་ལུན”སོགས་ཆེད་དོན་བྱ་སྤྱོད་རབ་དང་རིམ་པ་མུ་མཐུད་སྒྲིག་འཛུགས་བྱས་ནས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་ཉེས་གསོག་བྱེད་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་བ་རེད། འདི་ལོའི་ལོ་སྟོད་དུ། སྤྱི་བདེ་པུས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་ཉེས་གསོག་གྱོད་གཞི་ཚབས་ཆེན་60སྒོ་བྱང་བཀལ་ནས་ལྟ་སྐུལ་སྒྲུབ་གཉེར་བྱས་པ་དང་ས་གནས་ཁག་གིས་འབྲེལ་ཡོད་གྱོད་གཞི་ཁྲི་2.6གྱོད་དོན་ཐོ་འགོད་དང་མྱུལ་ཞིབ་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

    འདི་ལོ་ནས་བཟུང་། སྤྱི་བདེ་ལས་ཁུངས་ཀྱིས་ཉེན་ཆེའི་ཟོག་རོས་ཁོར་ཡུག་ལ་སྦགས་བཙོག་བཟོ་བ་དང་ཁོར་ཡུག་སྲུང་སྐྱོང་ཞབས་ཞུའི་སྒྲིག་གཞིས་མི་བདེན་རྫུན་བཟོ་བྱེད་པ་སོགས་ཉེས་གསོག་བྱེད་སྤྱོད་ལ་མུ་མཐུད་རྡུང་རྡེག་བཏང་བ་དང་འབྲི་ཆུའི་འབབ་རྒྱུད་ཀྱི་ཁོར་ཡུག་སྦགས་བཙོག་ཉེས་གསོག་ས་ཁོངས་དམག་འཐབ་སྒྲིག་འཛུགས་བྱས་ཏེ“ཁྲུང་ཆིང་ཅིའུ་ལུང་ཕོ‘10·09’ཁོར་ཡུག་སྦགས་བཙོག་གྱོད་གཞི”སོགས་གྱོད་གཞི་གལ་ཆེན་ཁག་གཅིག་བདེ་བླག་ངང་མྱུལ་ཞིབ་བྱས་ཡོད། རྩ་ཆེ་ལ་སྟོངས་ཉེར་ཡོད་པའི་རི་སྐྱེས་སྲོག་ཆགས་དང་། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་རྩི་ཤིང་། ཁྲིམས་འགལ་ངང་རྔོན་རྒྱག་པ་དང་ཁྲིམས་འགལ་ངང་གཏེར་ཁ་རྔོག་འདོན་སོགས་ཀྱི་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་བ་མ་ཟད། འཁོར་འབྲེལ་ཧྲིལ་པོ་དང་། གཞི་རྒྱུ་ཧྲིལ་པོ། ལྷུ་ཚིགས་ཧྲིལ་པོ་བཅས་ཀྱི་སྒོ་ནས“ཧེ་ལུང་ཅང་ཧའར་པིན་གྱི་ལི་ཆེ་གེ་མོ་སོགས་ཀྱི་ཁྲིམས་འགལ་གཏེར་འདོན་གྱོད་གཞི”དང“ཧུའུ་པེ་དབྱིན་ཁྲེང་གི‘12·27’ཁྲིམས་འགལ་ངང་རྔོན་རྒྱག་པའི་གྱོད་གཞི”སོགས་དཔེ་མཚོན་གྱོད་གཞི་ཁག་གཅིག་མྱུལ་ཞིབ་བྱས་ཡོད། ས་ནག་རྐུ་འདྲུ་དང་ཞིང་སྤྱོད་ས་ཆ་ཁྲིམས་འགལ་གྱིས་བཟུང་སྤྱོད་བྱེད་པ་སོགས་ཀྱི་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་སྟེ། “ལེའོ་ཉིང་ཧྥུའུ་ཧྲུན་གྱི‘7·20’ཁྲིམས་འགལ་ངང་གཏེར་ཁ་རྔོག་འདོན་གྱི་གྱོད་གཞི”དང“སི་ཁྲོན་ཏེ་དབྱང་གི་ཀུང་སི་ག་གེ་མོ་ཞིག་གིས་ཞིང་སྤྱོད་ས་ཆ་ཁྲིམས་འགལ་གྱིས་བཟུང་སྤྱོད་བྱས་པའི་གྱོད་གཞི”སོགས་གྱོད་གཞི་གལ་ཆེན་ཁག་གཅིག་བདེ་བླག་ངང་རྩད་ཆོད་པ་རེད།

    སྤྱི་བདེ་པུའི་ཁོར་ཡུག་ཐོན་ཁུངས་དང་བཟའ་བཅའ་སྨན་རྫས་ཉེས་གསོག་མྱུལ་ཞིབ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། སྤྱི་བདེ་ལས་ཁུངས་ཀྱིས་སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་སྲུང་སྐྱོང་ལ་དེ་བས་དམིགས་ཏེ། རྡུང་རྡེག་གཏོང་བའི་གཙོ་གནད་འབུར་ཐོན་དང་། རྡུང་རྡེག་གཏོང་བའི་བྱེད་ཐབས་གསར་གཏོད། སྐྱེ་ཁམས་ཉེན་རྟོག་ལས་དོན་ལམ་སྲོལ་འཛུགས་པ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་འཁོར་འབྲེལ་ཧྲིལ་པོས་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་། གཞི་རྒྱུ་ཚང་མས་རི་ཀླུང་སྔོ་ལྗང་སྲུང་སྐྱོང་། བརྒྱུད་རིམ་ཧྲིལ་པོས་ལྗང་མདོག་འཕེལ་རྒྱས་ལ་ཕྱུར་བ་གྲུ་འདེགས་བཅས་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།