དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་གཉིས་ཀྱིས་བསམ་འཆར་བཀྲམ་ནས་གྲངས་འཛིན་ལག་རྩལ་སྤྱད་དེ་ཀྲུང་ལུགས་གསོ་རིག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-18

    ཉེ་ཆར། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དང་སྨན་རྫས་དོ་དམ་ཅུས་ཀྱིས་རྒྱལ་ཁབ་གཞི་གྲངས་ཅུས་དང་མཉམ་དུ《གྲངས་འཛིན་ཀྲུང་ལུགས་གསོ་རིག་དང་སྨན་རྫས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་སྟེ། ལོ་3ནས་5ཡི་དུས་ཚོད་སྤྱད་དེ་གཞི་གྲངས་ཆེ་མོ་དང་མིས་ཐབས་རིག་ནུས་སོགས་གསར་དར་གྲངས་འཛིན་ལག་རྩལ་ཀྲུང་ལུགས་གསོ་རིག་དང་སྨན་རྫས་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ཀྱི་འཁོར་སྦྲེལ་ཧྲིལ་པོའི་ལྷུ་ཚིགས་ཁག་ཏུ་རིམ་བཞིན་མཉམ་འདྲེས་ཡོང་བ་དང་། ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཀྱི་གཞི་གྲངས་མཉམ་སྤྱོད་དང་། འཁོར་རྒྱུག བསྐྱར་སྤྱོད་བཅས་ལ་སྐུལ་འདེད་གཏོང་བ། ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཀྱི་ལས་རིགས་ཡོངས་དང་། ཐོན་ལས་འཁོར་སྦྲེལ་ཧྲིལ་པོ། བརྒྱུད་རིམ་ཧྲིལ་པོའི་གཞི་གྲངས་བཅས་ཕན་ནུས་ལྡན་པའི་སྒོ་ནས་འབྲེལ་མཐུད་རགས་ཙམ་ཐུབ་པ་བཅས་བྱས་ཏེ“གྲངས་རིག་ཀྲུང་ལུགས་གསོ་རིག་དང་སྨན་རྫས”ནུས་ཤུགས་ཡོད་རྒུས་གཏོད་དགོས་པ་བཏོན་ཡོད།

    གྲངས་འཛིན་ཅན་གྱིས་ཀྲུང་ལུགས་གསོ་རིག་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་རྒྱུར་རམ་འདེགས་བྱེད་པའི་ཐད《བསམ་འཆར》ནང“ཀྲུང་ལུགས་གསོ་རིག་གི་སྨན་བཅོས་སྒྲིག་གཞིས་ལས་སྒོའི་བརྒྱུད་རིམ་གྲངས་འཛིན་ཅན་དུ་ཕྱོགས་སྒྱུར་བྱ་རྒྱུར་སྐུལ་འདེད་བཏང་ནས་སྔོན་འགོག་དང་། སྨན་བཅོས། ནད་གསོ། མི་སྒེར་གྱི་བདེ་ཐང་དོ་དམ་བཅས་གཞི་གཅིག་ཏུ་འདུས་པའི་གྲངས་འཛིན་ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཀྱི་ཞབས་ཞུའི་རྣམ་པ་ཆགས་རྒྱུར་སྐུལ་མ་གཏོང་བ”དང“དཔེ་སྟོན་རང་བཞིན་ལྡན་པའི་རིག་ནུས་ཅན་གྱི་ཀྲུང་ལུགས་སྨན་རྫས་ཚོང་ཁང་དང་ས་ཁོངས་ཀྱི་བློ་རིག་མཉམ་སྤྱོད་ཀྲུང་ལུགས་སྨན་རྫས་ཚོང་ཁང་འཛུགས་རྒྱུར་སྐུལ་མ་གཏོང་བ”“ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཀྱི་ཁྱད་ཆོས་ལྡན་པའི་རིག་ནུས་ཀྱི་གློག་རྡུལ་ནད་ཐོ་དང་རིག་ནུས་ཀྱི་སྔོན་བརྟག་མཉམ་བཅོས་སོགས་མ་ལག་ཞིབ་སྤེལ་བྱས་ཏེ། ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཀྱི་གཞི་གྲངས་རིག་ནུས་ཅན་གྱི་སྒོ་ནས་འཚོལ་བསྡུ་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུར་སྐུལ་མ་གཏོང་བ”བཅས་བྱེད་དགོས་པ་བཏོན་ཡོད།

    ཀྲུང་ལུགས་གསོ་རིག་གི་ལུས་གསོ་བདེ་སྲུང་གི་ལེགས་ཆ་གང་ལེགས་འདོན་ཆེད། 《བསམ་འཆར》ནང་གཞི་གྲངས་ཆེ་མོ་དང་མིས་ཐབས་རིག་ནུས་སོགས་གསར་དར་གྲངས་འཛིན་ལག་རྩལ་སྤྱད་དེ་ཀྲུང་ལུགས་གསོ་རིག་གི་བདེ་ཐང་ལྟ་ཞིབ་ཚད་ལེན་སྒྲིག་ཆས་དང་མ་ན་གོང་ནས་སྔོན་འགོག་བྱེད་པའི་བདེ་ཐང་དོ་དམ་ལས་སྟེགས་ཞིབ་སྤེལ་བྱ་རྒྱུར་སྐུལ་མ་གཏོང་བ་དང་། ཀྲུང་ལུགས་གསོ་རིག་གི་གཟུགས་གཞི་སོགས་ཀྲུང་ལུགས་གསོ་རིག་གི་གཞི་གྲངས་འཚོལ་བསྡུ་ཐོ་འགོད་བྱས་པ་བརྒྱུད། གཟུགས་པོར་བརྟག་དཔྱད་དང་ནད་གཞི་ཚོད་འཛིན་སོགས་ཀྱི་གཞི་གྲངས་བསྡུ་སྒྲིལ་བྱས་ཏེ་རང་འགུལ་གྱི་བདེ་ཐང་དོ་དམ་དང་། མི་སྒེར་གྱི་བདེ་ཐང་རྣམ་པ། མི་ཐབས་རིག་ནུས་དང་སྨན་བཅོས་བདེ་ཐང་བཀོལ་སྤྱོད་ཟུང་འབྲེལ། མི་ཚོགས་གཙོ་བོའི་བདེ་ཐང་འགན་ལེན། འཕྲོད་བསྟེན་བདེ་ཐང་གི་ཐབས་ཇུས་རྒྱབ་སྐྱོར་མ་ལག་འཛུགས་པ་དང་གཞི་གྲངས་བཀོལ་སྤྱོད་དཔེ་སྟོན་ཞིབ་འཇུག་བཅས་བྱེད་དགོས་པ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།