དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ནགས་ལས་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་འཚོལ་ཞིབ་དང་འཐུས་སྒོ་ཚང་དུ་བཏང་བ།

    ནགས་ཚལ་སྐྱེ་ཁམས་བཟང་། ཕྱུག་འགྱུར་ཐོན་ཁུངས་ལེགས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། དབྱིན་ཤིན། ལིན་ཡོན།   |     སྤེལ་དུས།  2024-08-18

    ཉེ་དུས། ཧྥུའུ་ཅན་ཞིང་ཆེན་སན་མིང་གྲོང་ཁྱེར་ཧྲ་ཤན་ཆུས་ཀྱི་ཅང་ཅུན་རི་བོར་འཁྲུག་ཆ་ཤིན་ཏུ་དོད།

    ཧྲ་ཤན་ཆུས་ཧྥུང་གང་ཁྲོམ་གཞུང་ཅི་ཨའེ་གྲོང་ཚོའི་ནགས་སྐྱོང་ཞིང་པ་ཝེ་ཧྥ་སུང་གཟའ་འཁོར་རེར་རི་འདབས་སུ་ཐེངས་རེ་ཡོང་གི་ཡོད། ཁོང་གི་ལོ་གསུམ་ཙམ་བཏབ་པའི་ནགས་གསེབ་ལོ་ཏོག་ཐོག་མ་བསྡུ་བའི་དུས་སུ་སླེབས་ཤིང་། “རི་ཆུ་བཟང་པོས་ཐོན་རྫས་ཡག་པོ་སྐྱེད་སྲིང་བྱེད་ཐུབ། ད་ཆ་ཤིང་མ་བཅད་ཀྱང་ཕྱུག་པོ་ཆགས་ཐུབ་ཀྱི་འདུག མུའུ་རེའི་ལོའི་ཆ་སྙོམས་ཡོང་འབབ་ཉུང་ཤོས་ལའང་སྒོར་གཅིག་སྟོང་ཙམ་འདུག”ཅེས་ཝེ་ཧྥ་སུང་གིས་བཤད།

    ཧྲ་ཤན་ཆུས་གཞུང་ཁོངས་ནགས་རའི་འགོ་གཙོ་པའོ་ཤིང་ཁུན་ཡང་རྒྱུན་དུ་ནགས་གསེབ་ཏུ་ཡོང་གི་ཡོད། དེར་ཁོང་ཚོས་སྐྱེད་སྲིང་བྱས་པའི་འདེབས་འཛུགས་དཔེ་སྟོན་ནགས་ཚལ་ཡོད།

    “རི་འདབས་སུ་སྨན་འདེབས་པ་དང་། རི་སྟེང་དུ་ཤིང་འདེབས་པ། རི་སྐེད་དུ་རྩ་ཆེའི་ཤིང་སྣ་འདེབས་པ་བཅས་ཀྱི་བྱེད་ཀྱི་ཡོད་པས། ཚན་རིག་དང་མཐུན་པའི་འདེབས་འཛུགས་ལས་ང་ཚོའི་ཤིང་སྣ་སྐྱེ་ཚུལ་དེ་བས་ལེགས་པ་དང་ནགས་ཁྲོད་བེད་སྤྱོད་བྱེད་ཚད་མཐོ་རུ་ཕྱིན་ནས་མུའུ་རེའི་ཆ་སྙོམས་ཡོང་འབབ་ཤིང་ཁོ་ན་འཛུགས་པ་ལས་ལྡབ་བཅུ་མང་བ་འདུག”ཅེས་པའོ་ཤིང་ཁུན་གྱིས་བཤད།

    རི་སྟེང་དུ་ཤིང་འཛུགས་པ་དང་། རི་འདབས་སུ་སྨན་འདེབས་པ། རི་ཁྲོད་དུ་ཡུལ་སྐོར་བྱེད་པ་བཅས་ལས་རིགས་དབྱེ་གཉེར་སྐྱོང་དང་། ཐོན་རྫས་ཕུན་སུམ་ཚོགས་པ། ནགས་ལས་ཀྱི་བར་མཐོངས་སྤྱོད་ཚད་མཐོ་རུ་ཕྱིན་པ་བཅས་ནི་ཉེ་བའི་ལོ་ཤས་རིང་ཧྥུའུ་ཅན་གྱིས་ནགས་ལས་སྐྱེས་ཁམས་ཀྱི་ཐོན་རྫས་རིན་ཐང་མངོན་འགྱུར་ལམ་སྲོལ་འཚོལ་ཞིབ་དང་འཐུས་སྒོ་ཚང་དུ་གཏོང་བའི་བསྡུས་རིས་ཤིག་རེད།

    2023ལོར་ཧྥུའུ་ཅན་དུ་ནགས་ཚལ་ཁེབས་ཚད་65.12%ཟིན་ཡོད། འོན་ཀྱང་དེ་སྔ་རྒྱ་ཆེའི་ནགས་སྐྱོང་ཞིང་པས་རི་སྔོན་བསྲུངས་ཀྱང་འཚོ་བ་དེ་ཙམ་ཡག་མེད་པ་མ་ཟད། ཤིང་གང་བྱུང་དུ་གཅོད་པ་དང་ཤིང་ལྐོག་ཏུ་གཅོད་པའི་སྣང་ཚུལ་ཡང་སྐབས་ཤིག་རིང་ཅུང་ཚབས་ཆེན་པོ་ཡོད། 2002ལོར་ཧྥུའུ་ཅན་གྱིས་རྒྱལ་ཡོངས་ཀྱི་སྔོན་ལ་མཉམ་སྡེབ་ནགས་ཚལ་བདག་དབང་ལམ་ལུགས་སྒྱུར་བཅོས་བྱས་པ་དང་། ནགས་ཚལ་སྒྱུར་བཅོས་ལ་སྐུལ་འདེད་བཏང་བ་དང་བསྟུན་ནས་སྡོང་པོ་གཅོད་པ་ནས་སྡོང་པོ་འདེབས་པའི་བར་དང་རི་རྒོད་རི་སྔོན་དུ་སྒྱུར་བའི་བར་དང་། ཤིང་ཆ་འཚོང་བ་ནས་ནགས་ལས་སྐྱེ་ཁམས་ཀྱི་ཐོན་རྫས་སྣ་ཚོགས་འཚོང་བའི་བར་འགྱུར་ལྡོག་བྱུང་སྟེ། རི་བོ་རིམ་བཞིན་སྔོ་ལྗང་དུ་གྱུར་ནས་ཡོང་འབབ་ཡོང་གི་ཡོད། ད་ཆ་ནགས་ལས་སྐྱེ་ཁམས་ཐོན་རྫས་དེ་བས་ཕུན་སུམ་ཚོགས་སུ་ཇི་ལྟར་གཏོང་དགོས་པ་དང་། ནགས་ཚལ་བེད་སྤྱོད་བྱེད་ཚད་སྔར་བས་མང་དུ་ཇི་ལྟར་གཏོང་དགོས་པ། ནགས་ལས་ཀྱི་ཕན་འབྲས་སྔར་བས་ཆེ་རུ་ཇི་ལྟར་གཏོང་དགོས་པ་བཅས། ཧྥུའུ་ཅན་གྱིས་ཡག་ཐོག་ཡག་བརྩེགས་ཡོང་བའི་ཐད་འབད་བརྩོན་བྱེད་བཞིན་ཡོད།

    ལམ་ལུགས་འགན་ལེན་ནི་རྨང་གཞི་ཡིན། “རི་བོ་དུད་ཚང་ལ་བགོ་བ་དང་། ནགས་ཚལ་མིར་བགོ་བའི”ནགས་དབང་ལག་ཁྱེར་ཡོད་པ་ནས། “དབང་གསུམ་ལོགས་འཛུགས”ཀྱི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་བར་དང་། གཉེར་སྐྱོང་བྱེད་དབང་འགན་གཙང་ལེན་དབང་ནས་ལོགས་སུ་དབྱེ་བ། དེ་ནས《ནགས་གསེབ་བར་མཐོངས་གཉེར་སྐྱོང་དབང་ཆའི་ལག་ཁྱེར》སོགས་ལག་ཁྱེར་རེ་རེ་བཞིན་སྤྲད་པའི་བར་ནགས་ལས་གཉེར་སྐྱོང་བྱེད་པོ་དེ་བས་མང་བར་གདེང་ཚོད་ཆེན་པོ་ཡོད།

    “ཡོང་འབབ”གསོག་སྟངས་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་པ། ཤིང་ཆ་འཚོང་བ་ནས་ནགས་གསེབ་དཔལ་འབྱོར་གྱི་ཐོན་རྫས་དང་། ཁྱབ་ཁོངས་དེ་བས་ཆེ་བའི་ནགས་ལས་སྐྱེ་ཁམས་ཐོན་རྫས་འཚོང་བའི་བར་ནགས་ལས་སྐྱེ་ཁམས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་ཞིང་། ནན་ཕིང་གྲོང་ཁྱེར་ཡན་ཕིང་ཆུས་སུ་དེ་སྔ་གོ་རིམ་མེད་པར་གསོ་སྤེལ་བྱེད་པ་ནས་ད་ཆའི“ཟང་ཟིང་ནས་བཅོས་སྐྱོང་བར”དང“བཅོས་སྐྱོང་ནས་ཡག་ཏུ་གཏོང་བའི་བར”གྱི་འགྱུར་ལྡོག་བྱུང་ཡོད། ད་ཆ་ནགས་ཚལ་གྱི་སྐྱེ་ཁམས་བཟང་པོར་བརྟེན་ནས“འོ་མ”དང་། “མེ་ཏོག”“སྨྱུག་མ”སོགས་ལྗང་མདོག་སྐྱེ་ཁམས་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད། 2023ལོར་ཡན་ཕིང་ཆུས་ཀྱི་ལུག་མཉེའི་མེ་ཏོག་འདེབས་ཁྱོན་མུའུ་8500ཟིན་ནས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་6ཟིན་པ་དང་། དཀར་ཆུའི་ལས་རིགས་ཀྱི་ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་20ཟིན་ཡོད།

    ནགས་ཚལ་གྱི་ལྗང་མདོག་ཐོན་ལས་ཀྱི་ཕན་འབྲས་ཇི་ལྟར་ལེགས་སུ་གཏོང་བའི་ཐད། རི་ཁུལ་དུ་ལག་རྩལ་གྱི་ཞན་ཆ་ནི་ཁེ་ལས་ཀྱི་ཡོངས་ཁྱབ་དཀའ་གནད་ཅིག་ཡིན། དེར་བརྟེན་ནན་ཕིང་གྲོང་ཁྱེར་གྱི་ལྗང་མདོག་ཐོན་ལས་གསར་གཏོད་ཞབས་ཞུའི་ལས་སྟེགས་དུས་ཐོག་ཏུ་བཏོད་ཡོད། ཁེ་ལས་ཀྱིས་ཞིབ་སྤེལ་བྱེད་པར་ལག་རྩལ་གྱི་འཇུར་མིག་གང་དག་ཡོད་པ་དང་། གང་ཞིག་གི་ཐད་མཚོན་མིན་ཐད། ལས་སྟེགས་བརྒྱུད་གནད་སྨིན་འབྲེལ་མཐུད་བྱས་ཤིང་། ནན་ཕིང་ཧྲའོ་ཝུའུ་གྲོང་ཁྱེར་དུ་གནས་པའི་ཤིང་ཏ་སྨྱུག་མའི་ལས་རིགས་ཚད་ཡོད་འགན་འཁྲི་ཀུང་སིར་དེ་སྔ་སྨྱུག་མའི་ཨར་ལས་རྒྱུ་ཆ་རུལ་སླ་བའི་གནད་དོན་ཡུན་རིང་འཕྲད་མྱོང་ཡོད། ཁེ་ལས་ཀྱིས་དགོས་མཁོ་ལས་སྟེགས་ཐོག་བཏོན་རྗེས་ལས་སྟེགས་དེས་རིགས་གཅིག་མཁས་ཅན་མཛོད་དང་འབྲེལ་མཐུད་བྱས་ནས་ཤིང་ཏ་སྨྱུག་མའི་ལས་རིགས་དང་ཝུའུ་དབྱི་སློབ་གླིང་དང་ནན་ཅིང་ནགས་ལས་སློབ་ཆེན་གྱི་རིགས་གཅིག་མཁས་ཅན་གྱི་ཞིབ་སྤེལ་ཁ་ཕྱོགས་གནད་ལ་འཁེལ་པོས་སྙོམ་སྒྲིག་བྱས་ཡོད། “ཟླ་བ་གཉིས་ལྷག་ཙམ་ཚོད་ལྟ་བྱས་པ་བརྒྱུད། མིག་སྔར་འཕེལ་རིམ་བདེ་བླག་བྱུང་ནས་ལག་རྩལ་གསར་པ་བེད་སྤྱོད་དང་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས། ཁེ་ལས་ཀྱི་ཐོན་རྫས་རིན་ཐང་སྔོན་དཔག་བྱས་ན་ལྡབ་10འཕར་རྒྱུ་རེད”ཅེས་ཧྲའོ་ཝུའུ་གྲོང་ཁྱེར་ཤིང་ཏ་སྨྱུག་ལས་ཚད་ཡོད་འགན་འཁྲི་ཀུང་སིའི་འགན་འཁུར་བ་ཝུའུ་མིན་ཏས་བཤད།

    ནགས་ཚལ་ཕུད་ཚད་བརྒལ་གསར་པ་དེ་བས་བྱུང་ཞིང་། སན་མིང་གྲོང་ཁྱེར་ཅང་ལེ་རྫོང་ཀའོ་ཐང་གྲོང་རྡལ་ཁྲང་ཁོའུ་གྲོང་ཚོར་དམིགས་བསལ་གྱི་ཐཱན་འབུད་སྤ་སེ་ཞིག་ཡོད་ཅིང་། 2022ལོར་ཐཱན་འབུད་སྤ་སེ་དེར་བརྟེན་ནས་ཁྲང་ཁོའུ་གྲོང་ཚོའི་མུའུ་3197ཟིན་པའི་སྐྱེ་ཁམས་སྤྱི་ཕན་ནགས་ཚལ་ལས་ལོ་ལྔ་ཡི་ཐཱན་ཉུང་གཏོང་དང་ཐཱན་འབུད་ཚད་ཉོ་ཚོང་ཞིབ་རྩིས་བྱས་པ་བརྒྱུད་གྲོང་མི་1000ལྷག་ཙམ་ལ་མི་རེར་ཐཱན་འབུད་སྤ་སེའི་ཡོང་འབབ་སྒོར་150བྱུང་ཡོད། “མཁའ་རླུང་ལས་ཀྱང་ཡོང་འབབ་ཡོང་གི་འདུག”ཅེས་གྲོང་མི་སུན་ཀུའེ་དབྱིང་གིས་དགའ་ཚོར་ཆེན་པོས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།