དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཐོན་སློབ་མཉམ་འདྲེས་ལ་ཤུགས་སྣོན་བརྒྱབ། ཤེས་ལྡན་མགྱོགས་མྱུར་འཚར་ལོངས་བྱུང་།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཀུང་ཤང་ཅོན་དང་ལི་ཅ་ཏིན།   |     སྤེལ་དུས།  2024-08-18

    ལས་ཀ་བྱས་ནས་ལོ་གཅིག་སོང་བའི་ཝང་ཐེན་པའོ་ལ་དགེ་ཕྲུག་8ཡོད་པ་མ་ཟད། འདི་ལོའི་ཟླ་5པར་ཁོང་རང་འགུལ་ཅན་གྱི་ལག་རྩལ་ཆེ་མོ་བར་གྱུར།

    “ཝང་ཐེན་པའོ་འཚར་ལོངས་མགྱོགས་པོ་དེ་འདྲ་བྱུང་བ་ལས་རིགས་སློབ་གསོའི་སྒྱུར་བཅོས་དང་ཁ་འབྲལ་ཐབས་མེད། སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱིས་ཐོན་སློབ་མཉམ་འདྲེས་གསོ་སྐྱོང་བྱེད་ཐབས་ལས་ཝང་ཐེན་པའོ་དང་འདྲ་བའི་གཞོན་ནུ་ཁག་གཅིག་སློབ་གྲྭ་ཐོན་མ་ཐག་ལས་གནས་སུ་བསྐྱོད་ནས་ལས་འགན་འཁུར་ཐུབ་ཀྱི་ཡོད”ཅེས་ཐེན་ཅིན་གྱི་རུང་ཁྲེང་མཉམ་འབྲེལ་ལྕགས་དང་ངར་ལྕགས་ཚོགས་པ་ཚད་ཡོད་ཀུང་སིའི་མི་དོན་ཁྲུའུ་ཡི་ཁྲུའུ་ཀྲང་ཧྲང་ཁའེ་ཐའོ་ཡིས་བཤད།

    ཝང་ཐེན་པའོ་ཡི་མ་ཡུམ་སློབ་གྲྭ་ཡིན་པའི་ཐེན་ཅིན་ཀྲུང་ཏེ་ཉེར་སྤྱོད་ལག་རྩལ་སློབ་ཆེན་ནི་སློབ་གསོ་པུས་ཆོག་མཆན་སྤྲད་ནས་བཙུགས་པའི་རྒྱལ་ནང་གི་ཉེར་སྤྱོད་ལག་རྩལ་སློབ་ཆེན་ཐོག་མ་དེ་ཡིན་ལ། ཐེན་ཅིན་གྱིས་ལས་རིགས་སློབ་གསོར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་བྱས་པའི་བསྡུས་རིས་ཤིག་ཀྱང་རེད།

    ཝང་ཐེན་པའོ་སློབ་སྦྱོང་བྱ་ཡུལ་གྱི་འཕྲུལ་ཆས་གློག་རྡུལ་ལས་གྲྭ་ཚན་ཁག་དེ་2020ལོར་བཙུགས་ཤིང་། ཐེན་ཅིན་གྱིས་ཆེད་ལས་བཀོད་སྒྲིག་ཐོན་ལས་ཀྱི་གནས་ཚུལ་དང་བསྟུན་རྒྱུ་མཐའ་འཁྱོངས་བྱས་ཏེ། ཉེ་བའི་ལོ་ཤས་རིང་ཐོ་འགོད་སྙན་སེང་བྱས་པའི་ཆེད་ལས་60གསར་དུ་བསྣན་ནས་དེང་རབས་བཟོ་ལས་ཐོན་ལས་མ་ལག་དང་དེང་རབས་ཞབས་ཞུའི་ལས་རིགས་དང་འབྲེལ་མཐུད་དམ་ཟབ་བྱས་པ་དང་ཆབས་ཅིག ཐོན་ལས་འཕེལ་རྒྱས་དང་མི་འཚམ་པའི་ཆེད་ལས་20མེད་པ་བཟོས་པ་རེད།

    སློབ་ཁྲིད་ཐད་གཞུང་ལུགས་དང་དངོས་སྦྱོང་གི་བསྡུར་ཚད་ནི་1 1ཡིན། སློབ་གྲྭར་སློབ་སྦྱོང་ལོ་4བྱེད་རིང་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་སྦྱངས་པ་ཕུད། ཝང་ཐེན་པའོ་ཡིས་སློབ་གླིང་དང་ཚན་ཁག་གིས་བསྐྲུན་པའི་ཁེ་ལས་ཀྱི་ཐོན་སྐྱེད་འཁོར་ཁང་ཆུང་ངུར་བཀོལ་སྤྱོད་ལག་རྩལ་ཧུར་ཐག་སྦྱངས་པ་རེད།

    ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་དེ་སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་གསར་དར་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བ་དང་ཇི་ལྟར་འཚམ་དགོས་སམ། དེའི་ཐད་ཐེན་ཅིན་ཀྲུང་ཏེ་ཉེར་སྤྱོད་ལག་རྩལ་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཅི་ཏུང་གིས“ཁེ་ལས་དང་ལས་རིགས་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ནས་སློབ་ཚན་གྱི་ནང་དོན་བཀོད་སྒྲིག་བྱས་ཏེ་སློབ་ཁྲིད་སྒྱུར་བཅོས་བྱས་ཡོད”ཅེས་བཤད།

    སློབ་ཆེན་ལོ་རིམ་བཞི་པ་འགྲིམ་སྐབས། སུ་ཝང་ཐེན་པའོ་ཐེན་ཅིན་ཀྲུང་ཏེ་ཉེར་སྤྱོད་ལག་རྩལ་སློབ་ཆེན་དང་། རུང་ཁྲེང་ལྕགས་དང་ངར་ལྕགས་ཚོགས་པ། ཐེན་ཅིན་ཧའེ་ཧོ་སློབ་གསོ་གླིང་ཁུལ་དོ་དམ་ཨུ་ལྷན་བཅས་ཀྱིས་མཉམ་དུ་གཉེར་བའི“ལག་རྩལ་ཆེ་མོ་བ་གསོ་སྐྱོང་འཛིན་གྲྭར”ཞུགས་པ་དང་སློབ་གྲྭའི་དགེ་རྒན་དང་ཁེ་ལས་ཀྱི་ལག་རྩལ་ཆེ་མོ་བས་མཉམ་དུ་སློབ་ཁྲིད་བྱས།

    “དེ་ནི་སྔོན་མའི་མངགས་ཐོའི་འཛིན་གྲྭའི་མཉམ་ལས་ལམ་སྲོལ་ལ་སྒྱུར་བཅོས་གཏིང་ཟབ་བྱས་པ་ཞིག་རེད། སྔོན་མ་ཁེ་ལས་ཀྱི་དགོས་མཁོ་གཞིར་བཟུང་སློབ་གྲྭས་རྩལ་ནུས་ཤེས་ལྡན་པ་གསོ་སྦྱོང་བྱེད་ཀྱི་ཡོད། ན་ནིང་ང་ཚོས་ཉམས་མྱོང་དང་བྱེད་ཐབས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་སྲིད་གཞུང་སྡེ་ཚན་དང་ཁེ་ལས་དང་མཉམ་ལས་བྱས་ཏེ་ལམ་ལུགས་ཅན་གྱི་ཐོན་སློབ་མཉམ་འདྲེས་ཀྱི་ཤེས་ལྡན་པ་གསོ་སྦྱོང་བྱེད་ཐབས་གཏན་འཁེལ་བྱས་ཡོད”ཅེས་ཀྲང་ཅི་ཏུང་གིས་བཤད།

    ཕན་འབྲས་ཇི་འདྲ་ཐོན་པ་ལག་ལེན་དངོས་ལས་ཤེས། ཝང་ཐེན་པའོ་རུང་ཁྲེང་ལྕགས་དང་ངར་ལྕགས་ཚོགས་པར་ཞུགས་རྗེས། སྡེ་ཚན་གསར་པ་བཙུགས་པ་དང་སྒྲིག་ཆས་གསར་པ་སྒྲིག་སྦྱོར་ཚོད་ལྟ་བྱེད་པའི་དུས་དང་འཁེལ་ཡོད། སྒྲིག་ཆས་ཐོན་སྐྱེད་བཟོ་གྲྭའི་ལག་རྩལ་ཆེ་མོ་བས་ས་གནས་ས་ཐོག་ཏུ་སྒྲིག་སྦྱོར་བྱེད་སྟངས་དང་། གོ་རིམ། ཚོད་སྒྲིག སྐྱེལ་འདྲེན་བདག་སྐྱོང་བཅས་གང་འདྲ་བྱེད་དགོས་མིན་ཐད་འཆད་ཁྲིད་བྱས་པས་དེ་སྔ་ལག་པས་སྤུས་ཚད་ཞིབ་བཤེར་བྱེད་པར་གོམས་པའི་བཟོ་པ་རྒན་གྲས་ལ་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཡོད།

    “ངས་ཚོད་ལྟ་ཞིག་བྱེད་དོ” ཝང་ཐེན་པའོ་ཡིས་གོ་རིམ་སྒྲིག་སྟངས་ཤེས་པ་དང་རིག་པ་སྤྱང་པོ་ཡོད་པས། བཀོལ་སྤྱོད་ཉམས་མྱོང་སྐོར་གྱི་དེབ་བྲིས་ནས་གཞོན་ནུ་ལས་བཟོ་ཚོས་ལག་རྩལ་མགྱོགས་མྱུར་ཁོང་དུ་ཆུད་པ་བྱས་ཡོད། འདི་ལོའི་ཟླ་5པར། གྲུབ་འབྲས་ཕུལ་དུ་བྱུང་བའི་ཁོང་དམའ་རིམ་ལག་རྩལ་ཆེ་མོ་བ་ནས་རང་འགུལ་ཅན་གྱི་ལག་རྩལ་ཆེ་མོ་བར་གྱུར།

    ལས་རིགས་མང་པོ་མཉམ་འགུལ་གྱི་ལས་རིགས་སློབ་གསོའི་ཐོན་སློབ་མཉམ་འདྲེས་ལམ་སྲོལ་དང་། ས་ཁོངས་ཐོན་སློབ་མཉམ་འབྲེལ། ཐོན་ལས་འཁོར་འབྲེལ་ཐོན་སློབ་མཉམ་འདྲེས་བཅས་ཁྱད་ཆོས་སུ་བྱས་པའི་ཐོན་སློབ་མཉམ་འདྲེས་ཀྱི་རྩ་འཛུགས་རྣམ་པ་གསར་པ་སོགས་རྒྱལ་ཁབ་ཀྱི་དེང་རབས་ལས་རིགས་སློབ་གསོའི་སྒྱུར་བཅོས་གསར་གཏོད་དཔེ་སྟོན་ཁུལ་དང་རྒྱལ་ཁབ་ཀྱི་ཐོན་ལས་སློབ་གསོ་མཉམ་འདྲེས་རྣམ་པའི་ཚོད་ལྟའི་གྲོང་ཁྱེར་ཁག་དང་པོ་ཡིན་པའི་ཐེན་ཅིན་གྱིས་ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཀྱི་དཔེ་སྟོན་རང་བཞིན་གྱི་ལས་རིགས་སློབ་གསོའི་ཚོགས་པའི་གསོ་སྐྱོང་ཚན་པ་6དང་ཐོན་ལས་སློབ་གསོ་མཉམ་འདྲེས་རྣམ་པའི་ཁེ་ལས་193གསོ་སྐྱོང་བྱས་པས། སྒྲིག་སྲོལ་ལམ་སྲོལ་གསར་གཏོད་དང་། སློབ་གྲྭ་དང་ཁེ་ལས་མཉམ་ལས་སློབ་གཉེར། ལས་སྟེགས་གཞི་རྟེན་འཛུགས་སྐྲུན་སོགས་ཐད་ལད་མོ་དང་ཁྱབ་གདལ་རུང་བའི་ཉམས་མྱོང་དང་བྱེད་ཐབས་ཁག་གཅིག་མཁོ་འདོན་བྱས་ཡོད། འདི་ལོ་ཚུན་དུ།《ཐེན་ཅིན་གྲོང་ཁྱེར་ལས་རིགས་སློབ་གསོའི་སྲོལ་ཡིག》དང《ཐེན་ཅིན་གྲོང་ཁྱེར་ལས་རིགས་སློབ་གསོའི་ཐོན་སློབ་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》སྔ་རྗེས་སུ་ལག་བསྟར་བྱས་པ་རེད།

    སྲིད་ཇུས་ལ་ནུས་པ་མུ་མཐུད་འདོན་སྤེལ་དང་སྒྱུར་བཅོས་མུ་མཐུད་ཟབ་ཏུ་བཏང་ཞིང་། “ལས་རིགས་དང་དཀྱུས་མའི་སློབ་གསོ་མཉམ་འདྲེས་དང་ཐོན་སློབ་མཉམ་འདྲེས་ཀྱི་ལས་རིགས་སློབ་གསོའི་མ་ལག་མགྱོགས་མྱུར་འཛུགས་དགོས”ཞེས་པ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ནང་འཁོད་ཡོད། ཐེན་ཅིན་གྲོང་ཁྱེར་སློབ་གསོ་ཨུ་ལྷན་ལས་རིགས་སློབ་གསོ་ཁྲུའི་ཁྲུའུ་ཀྲང་ལི་ལི་ཡིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་གོམ་སྟབས་རྗེས་མར་ལས་རིགས་སློབ་གཉེར་གྱི་ཁྱད་ཆོས་ལ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་ཀྱིས་སྐྱེ་དངོས་སྨན་རྫས་དང་། རྒྱ་མཚོའི་ལས་གྲྭའི་སྒྲིག་ཆས། རྩེར་སོན་སྒྲིག་ཆས་བཟོ་སྐྲུན། ནུས་རྒྱུ་གསར་པ་སོགས་ལ་དམིགས་ཏེ། ལས་རིགས་སློབ་གསོ་དང་ཐེན་ཅིན་གྱི་དེང་རབས་ཐོན་ལས་མ་ལག་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་གི་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།