དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི“རི་ཆུའི་འདུ་འགོད”རྒྱུན་མཐུད་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ།

    མིག་སྔའི་བར། རི་ཆུ་ནགས་ཞིང་དང་མཚོ་རྩྭ་བྱེ་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་སླར་གསོའི་འདུ་འགོད་52ཀྱིས་རིམ་རྩིས་བྱས་ན་རྒྱ་ཁྱོན་མུའུ་དུང་ཕྱུར་1ལྷག་ཙམ་བཅོས་སྐྱོང་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-18

    ཟླ་8ཚེས་15ཉིན་ནི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོ་རེད། རང་བྱུང་ཐོན་ཁུངས་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ས་གནས་ཁག་གིས་རི་ཆུ་ནགས་ཞིང་དང་མཚོ་རྩྭ་བྱེ་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་སླར་གསོའི་འདུ་འགོད་བརྟན་པོའི་ངང་སྐུལ་འདེད་གཏོང་བར་མཛུབ་ཁྲིད་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་འདེགས་སྐྱོར་དང་ཞབས་ཞུའི་ནུས་པ་གལ་ཆེན་བཏོན་ཡོད། མིག་སྔའི་བར། རི་ཆུ་ནགས་ཞིང་དང་མཚོ་རྩྭ་བྱེ་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་སླར་གསོའི་འདུ་འགོད་52ཀྱིས་རིམ་རྩིས་བྱས་ན་རྒྱ་ཁྱོན་མུའུ་དུང་ཕྱུར་1ལྷག་ཙམ་བཅོས་སྐྱོང་བྱས་ཡོད།

    “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ། རང་བྱུང་ཐོན་ཁུངས་པུའུ་དང་ནོར་སྲིད་པུའུ་སོགས་སྡེ་ཚན་གྱིས་རང་བྱུང་སྐྱེ་ཁམས་མ་ལག་བརྗེ་འགྱུར་གྱི་ཆོས་ཉིད་དང་ནང་ངོས་ཀྱི་རྐྱེན་རྩར་བརྩི་སྲུང་ཞུས་ཁར། སྤྱི་འདོམས་བཀོད་སྒྲིག་དང་ཐབས་མང་མཉམ་སྤྱོད་ཀྱིས་འབྲེལ་ཡོད་མ་དངུལ་དང་སྲིད་ཇུས་བསྡུ་སྒྲིལ་བྱས་ནས་རི་སྟེང་དང་རི་གཤམ་དང་། ས་སྟེང་དང་ས་འོག སྐམ་སའི་རྒྱ་མཚོ། དེ་བཞིན་ཆུ་བོའི་སྟོད་རྒྱུད་དང་སྨད་རྒྱུད་བཅས་ལ་སྤྱི་ཡོངས་ནས་སྲུང་སྐྱོང་དང་། བརྒྱུད་རིམ་ལྡན་པའི་སྒོ་ནས་ཉམས་གསོ། ཕྱོགས་བསྡུས་བཅོས་སྐྱོང་བཅས་བྱས་པར་སྐྱེ་ཁམས་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།