དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྟོན་བསྡུའི་ལས་ལ་བྲེལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-18

    སྟོན་ཀ་ཤར་མ་ཐག་ཞིང་ཁའི་ནང་དུ་ལོ་ཏོག་གི་འབྲས་བུའི་མགོ་བོ་དུད་ཅིང་ཤིང་འབྲས་ཀྱི་དྲི་ཞིམ་འཐུལ་འོང་བ་དང་། ཞིང་པ་རྣམས་སྟོན་བསྡུའི་ལས་ལ་བྲེལ་བཞིན་ཡོད།

    སི་ཁྲོན། འདི་ནི་སི་ཁྲོན་ཞིང་ཆེན་ཏ་ཀྲོའུ་གྲོང་ཁྱེར་ཆུས་རྫོང་པའོ་ཁྲེང་གྲོང་རྡལ་དུ་ཡུལ་མིས་བརྔ་བསྡུ་འཕྲུལ་འཁོར་བཏང་ནས་སྐྱེ་ལྡན་ཆུ་འབྲས་བརྔ་བསྡུ་བཞིན་པ།

    ཁྲུང་ཆིང་། འདི་ནི་ཁྲུང་ཆིང་གྲོང་ཁྱེར་ཆན་ཅང་ཆུས་ཧྥེང་ཅ་ཁྲོམ་གཞུང་ཀྲའེ་ཙི་སྡེ་ཁུལ་གྱི་ཡུལ་མིས་མ་རྨོས་ལོ་ཏོག་དང་སྲན་མ་སེར་པོ་སྐེམ་བཞིན་པ།

    ཧོ་ནན། འདི་ནི་ཧོ་ནན་ཞིང་ཆེན་ཤིན་དབྱང་གྲོང་ཁྱེར་ཀོང་ཧྲན་རྫོང་ལུའོ་ཁྲེན་ཤང་ཀྲང་ལོའུ་གྲོང་ཚོའི་ཆིང་ལུང་ཧོ་མཉམ་ལས་ཁང་དུ་ཧྲེ་ཡོན་ཚོས་ཆུ་འབྲས་བསྡུ་བཞིན་པ།

    ཀྲེ་ཅང་། འདི་ནི་ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་ཕུའུ་ཅང་རྫོང་ཧོང་ཀྲའེ་གྲོང་རྡལ་ཅང་ཚའེ་ཝུན་གྲོང་ཚོའི་ཡུལ་མིས་དྲོད་ཁང་དུ་རྒུན་འབྲུམ་འཐོག་བཞིན་པ།

    ཧོ་པེ། འདི་ནི་ཧོ་པེ་ཞིང་ཆེན་ཆིན་ཧོང་ཏའོ་གྲོང་ཁྱེར་ལུའུ་ལུང་རྫོང་ཀེ་པོ་གྲོང་རྡལ་གྱི་ཞིང་པས་རྒུན་འབྲུམ་ཡུལ་ཕྱོགས་གཞན་དུ་དབོར་གྲབས་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།