དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མཐའ་མཚམས་མི་སེར་རབས་གསར་པར་བསྟོད་པར་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-18

    སྒྲོལ་དཀར་དང་གཡང་འཛོམས་གཉིས་ཀྱིས་མཚོན་པའི་མཐའ་མཚམས་ཀྱི་མི་རབས་རྒན་གྲས་ཀྱི་རྒྱལ་གཅེས་མཐའ་སྲུང་གི་གཏམ་རྒྱུད་རྒྱལ་ཡོངས་སུ་སྔ་ས་ནས་གྲགས་ཤིང་། དུས་རབས་ཀྱི་མིག་དཔེ་ཡིན་པའི་ཁོང་གཉིས་ལས། མི་དེ་བས་མང་བས་རྒྱལ་གཅེས་མཐའ་སྲུང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། བློ་བརྟན་འགྱུར་མེད་དང་ཞུམ་པ་མེད་པའི་སྐལ་བཟང་མེ་ཏོག་ལྟར་མེས་རྒྱལ་གྱི་མཐའ་མཚམས་སུ་རྩ་བ་ཚུགས་ཏེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བརྩོན་ལེན་བྱེད་པར་ལྕག་སྐུལ་ཐེབས་ཀྱིན་ཡོད།

    ང་ཚོས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་དང་ས་མཚམས་འབྲེལ་བའི་ཙ་རི་ཤང་དུ་མཐའ་མཚམས་མི་སེར་རབས་གསར་པ་ཁག་གཅིག་ལ་བཅར་འདྲི་བྱས་པ་ཡིན། ཁོང་ཚོ་ནི་དྲ་ཐོག་ནས་མཐའ་མཚམས་ཡུལ་སྐོར་ལ་རམ་འདེགས་བྱེད་མཁན་ཨེན་དཀར་དང་།“ཙ་རིའི་བོད་རག་སྙོལ་བའི་ལག་རྩལ”རྒྱུན་འཛིན་པ་ཕུན་ཚོགས་རྡོ་རྗེ་དང་ཁོང་གི་བུ་མོ་ཚེ་རིང་མཁའ་འགྲོ ཤིང་ཕོར་བཟོ་བར་དབྱིངས་ཞུགས་མཁན་བཀྲ་ཤིས་བག་གྲོ ད་དུང་སློབ་ཆེན་སློབ་མའི་ལས་གཏོད་པ་སྐྲ་བཞར་དང་སེན་མོ་མཛེས་བཟོ་བྱེད་མཁན་པ་སངས་རྒྱ་མཚོ་དང་ཡེ་ཤེས་མཚོ་མོ་བཟའ་ཚོ་གཉིས་སོགས་རེད།

    མི་རབས་རེ་རེར་མི་རབས་རེ་རེའི་འགན་འཁྲི་ཡོད་ལ། མི་རབས་རེ་རེར་མི་རབས་རེ་རེའི་ངོ་མཚར་ཡང་ཡོད། ད་ཆའི་དུས་སུ་དཔལ་འབྱོར་གོང་འཕེལ་མྱུར་བ་དང་། ཚན་རྩལ་ཉིན་རེ་ལས་མ་འདས་པར་འགྱུར་ལྡོག་འགྲོ་བ། རིག་གནས་མི་འདྲ་བའི་ཉམས་སྣང་། མི་ཚེའི་གདམ་ག་སྣ་མང་ཕུན་སུམ་ཚོགས་པ་སོགས་དེ་སྔ་དང་བསྡུར་ན་ད་ཆའི་ན་གཞོན་ཚོས་གོ་སྐབས་དང་གདམ་ག་ཡག་པོ་དེ་བས་མང་བར་བརྟེན་ནས་སོ་སོའི་བློ་གྲོས་དང་འཇོན་ཐང་ངོམ་ཆོག

    རྒན་རབས་ཚོ་དང་བསྡུར་ན། ཁོང་ཚོ་ནི་ཀྲུང་གོའི་འཕེལ་རྒྱས་མགྱོགས་ཤོས་དང་ཡག་ཤོས་ཀྱི་ལོ་རབས་སུ་འཚར་ལོངས་བྱུང་ནས་འཁོས་ཀ་ཞན་པའི་དུས་དང་བྲལ་བ་དང་བརྡ་འཕྲིན་མ་འཕྲོད་པའི་དུས་སྐབས་དང་རྒྱང་དུ་གྱེས་ཏེ་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་འགྲོགས་ནས་འཚར་ལོངས་བྱུང་བས། སྔར་ལས་ཟབ་པའི་ཤེས་རྒྱ་དང་། སྔར་ལས་ཡངས་པའི་མཐོང་རྒྱ། སྔར་ལས་ཆེ་བའི་གནམ་ས་ཡོད།

    གང་སར་དར་རྒྱས་གོང་འཕེལ་འགྲོ་བཞིན་པའི་མེས་རྒྱལ་གྱི་མཐའ་མཚམས་ཙ་རི་ཤང་དུ་ཨེན་དཀར་དཔེ་རུ་བྱས་པའི་མཐའ་མཚམས་མི་སེར་རབས་གསར་པ་ཚོས་ཕྱུགས་འཚོས་ནས་མཐའ་མཚམས་སྲུང་ཤེས་པ་མ་ཟད། ད་དུང་ཁྱུག་དབྱིངས་ནས་ཅ་དངོས་འཚོང་བ་དང་མེས་པོའི་ལག་རྩལ་རྒྱུན་འཛིན་བྱེད་པ་སོགས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་མདུན་ལམ་དེ་བས་ཆེ་བ་བཙལ་ཏེ་མཐའ་མཚམས་སུ་རྩ་བ་བཙུགས་ནས་ཕུགས་འདུན་དོན་གཉེར་གྱི་ལམ་བུར་གོམ་སྟབས་བརྟན་པོས་སྐྱོད་བཞིན་པ་ང་ཚོས་གསལ་ལེར་མཐོང་བྱུང་།

    ང་ཚོས་མཐའ་མཚམས་མི་སེར་རབས་གསར་པར་བསྟོད་པར་བྱེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།