དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མ་ལེ་ཞི་ཡས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་སྐབས་ཉེར་གཅིག་པའི་བརྗོད་དོན་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-17

    ཚེས་14ཉིན། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས(ཨེ་ཤེ་ཡ་ཤར་ལྷོའི་དངོས་མང་སྟོན་ཚོགས)དྲུང་ཡིག་ཁྲུའུ་དང་ནན་ཉིང་དུ་བཅའ་སྡོད་མ་ལེ་ཞི་ཡའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་ཀོང་ཤིས་ནན་ཉིང་དུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། མ་ལེ་ཞི་ཡས་ཨེ་ཤེ་ཡ་ཤར་ལྷོའི་དངོས་མང་སྟོན་ཚོགས་སྐབས་ཉེར་གཅིག་པའི་བརྗོད་དོན་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་ཡིན་པ་དང་། ད་རེས་ནི་མ་ལེ་ཞི་ཡས་ཨེ་ཤེ་ཡ་ཤར་ལྷོའི་དངོས་མང་སྟོན་ཚོགས་ཀྱི་བརྗོད་དོན་རྒྱལ་ཁབ་ཀྱི་འགན་འཁུར་ཐེངས་གསུམ་པ་ཡིན་པ་རེད།

    མ་ལེ་ཞི་ཡའི་ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་ཅུས་ཀྱི་ཅུས་ཀྲང་མུའུ་སི་ཐཱ་ཧྥ་ཡིས། མ་ལེ་ཞི་ཡའི་ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་ཅུས་ལོ་20བསྟུད་མར་ཨེ་ཤེ་ཡ་ཤར་ལྷོའི་དངོས་མང་སྟོན་ཚོགས་ནང་ཞུགས་ཡོད། སྐབས་འདིའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དངོས་མང་སྟོན་ཚོགས་ལ་མ་ལེ་ཞི་ཡའི་ཁེ་ལས་150ཞུགས་ནས་བཟའ་བཏུང་དང་བདེ་ཐང་བདེ་སྲུང་སོགས་ཀྱི་ཐོན་རྫས་འགྲེམས་སྟོན་བྱེད་པ་དང་འབྲེལ་མ་ལེ་ཞི་ཡའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དྲིལ་བསྒྲགས་ཀྱང་བྱ་རྒྱུ་རེད། འགྲེམས་ཞུགས་ཚོང་པས་ཐོན་རྫས་ཞིབ་འབྱེད་གདམ་གསེས་དང་ཚོང་དོན་ཆ་སྒྲིག་འདུ་ཚོགས་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་མ་ལེ་ཞི་ཡ་དང་ཀྲུང་གོའི་དཔལ་འབྱོར་ཚོང་དོན་ཐད་ཀྱི་མཉམ་ལས་སྤེལ་རེས་མུ་མཐུད་ཟབ་ཏུ་གཏོང་རྒྱུ་ཡིན་པ་རེད།

    ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དངོས་མང་སྟོན་ཚོགས་དྲུང་ཡིག་ཁྲུའི་དྲུང་ཆེ་ཝུའེ་ཀྲའོ་ཧུའེ་ཡིས། སྐབས་འདིའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དངོས་མང་སྟོན་ཚོགས་ཐོག་རྒྱུན་བཙུགས་འགྲེམས་སྟོན་ཚོམས་ཆེན་སྤྱད་དེ་དམངས་ཚོགས་ལ་ཁ་ཕྱོགས་ནས་མ་ལེ་ཞི་ཡ་ཚུད་པའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཁྱད་ལྡན་ཚོང་ཟོག་དང་དེ་བཞིན་དཔལ་འབྱོར་དང་ཐོན་ལས་སོགས་ཀྱི་ལེགས་ཆ་ལོ་འཁོར་མོར་འགྲེམས་སྟོན་བྱས་ཏེ། ཁེ་ལས་ཁག་ལ་ཚོང་ལས་ཀྱི་གོ་སྐབས་དེ་བས་མང་བ་ཐོབ་པར་བྱས་ནས་མཉམ་ལས་ཀྱི་ལེའུ་གསར་པ་ཐུན་མོང་ཐོག་རྩོམ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།