དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཉིང་ཞ་ཡིས་རྣམ་པ་སྣ་ཚོགས་ལ་བརྟེན་ནས་གསར་བརྗེའི་སྲོལ་རྒྱུན་སློབ་གསོར་ཤུགས་སྣོན་རྒྱག་པ།

    —— གསར་བརྗེའི་དྲན་ཤེས་འཚོལ་ཞིབ་དང་གསར་བརྗེའི་རིག་གནས་རྒྱུན་འཛིན་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-17

    ཅང་ཐའེ་པའོ་མཁར་རྫོང་འདི་ཉིད་ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཀུའུ་ཡོན་གྲོང་ཁྱེར་ཤིས་ཅི་རྫོང་དུ་གནས་ཤིང་། 1936ལོའི་ཟླ10ཚེས22ཉིན། ཀྲུང་གོའི་བཟོ་ཞིང་དམར་དམག་གི་དཔུང་ཕྱོགས་དང་པོ་དང་གཉིས་པ་དེ་གར་རྒྱལ་ཁའི་ངང་མཉམ་འཛོམས་བྱས་པ་རེད། དམར་དམག་རྒྱང་སྐྱོད་སྐབས་ཉིང་ཞ་རུ་ཧ་ཅང་རྩ་ཆེ་བའི་གསར་བརྗེའི་དྲན་ཤེས་བཞག་ཡོད།

    ཉིན་ཤས་གོང་གསར་འགོད་པ་ཅང་ཐའེ་པའོ་མཁར་རྫོང་དམར་དམག་རྒྱང་སྐྱོད་མཉམ་འཛོམས་དྲན་གསོའི་གླིང་དུ་སྐྱོད་སྐབས་དབྱར་གསེང་འཁེལ་བས་དྲན་གསོའི་གླིང་དུ་ལྟ་སྐོར་བ་རྒྱུན་ཆད་རྒྱུ་མི་འདུག

    འགྲེམས་སྟོན་ཁང་གི་འགྲེལ་བཤད་པས་ངོ་སྤྲོད་བྱས་པར། དམར་དམག་ལ་ཉིང་ཞའི་མི་རིགས་ཁག་གི་མང་ཚོགས་ཀྱི་དགའ་བསུ་ཐོབ་ཡོད། བཅའ་སྡོད་དང་ངལ་གསོ་རྒྱག་རིང་དམར་དམག་གི་འཐབ་འཛིང་པས་བཅའ་སྡོད་བྱ་ཡུལ་གྱི་སྒོ་ར་དང་ཁྲོམ་གཞུང་སྲང་ལམ་ཚང་མར་གཙང་སྦྲ་བྱས་པ་མ་ཟད། ད་དུང་མི་སེར་ལ་ཆུ་ལེན་རོགས་དང་སྒོ་རར་གཙང་སྦྲ་བྱེད་རོགས་ཀྱང་བྱས་པ་རེད།

    དམར་དམག་རྒྱང་སྐྱོད་མཉམ་འཛོམས་དྲན་གསོའི་གླིང་དང་ཐག་མི་རིང་བའི་སར་གནས་པའི“དམར་དམག་གི་གྲོང་སྡེར”ཡང་ལྟ་སྐོར་བྱེད་མཁན་ཡུལ་སྐོར་བ་མང་པོ་ཡོད། ཉམས་ལེན་རྣམ་པའི་ས་ཕུག་མགྲོན་ཁང་དང་། གསར་བརྗེའི་བརྗོད་དོན་གཙོ་བོའི་ཟ་ཁང་། མཉམ་འཛོམས་བྱ་ཡུལ་མཚོ་སྟེང་རྒྱ་སྐྱེད་ཁུལ་སོགས་གསར་བརྗེའི་དྲན་ཤེས་འཚོལ་ཞིབ་དང་གསར་བརྗེའི་རིག་གནས་རྒྱུན་འཛིན་བྱེད་པའི་རྣམ་པ་འདྲ་མིན་སྣ་ཚོགས་ཡོད་པ་རེད།

    ཉེ་ཆར་ཝུའུ་ཀྲུང་གྲོང་ཁྱེར་ཐུང་ཤིན་རྫོང་དམར་དམག་ནུབ་སྐྱོད་དྲན་གསོ་ཁང་དུ་ལོ་10ལ་སླེབས་པའི་བུ་མོ་ཏིང་ཤོན་གྱིས་ལྟ་སྐོར་བ་ཚོར་འགྲེལ་བཤད་ཐེངས་མང་བརྒྱབ་ཅིང་། “ང་ནི་ཐུང་ཤིན་རྫོང་སློབ་ཆུང་གཉིས་པའི་ལོ་རིམ་བཞི་པའི་སློབ་མ་ཞིག་ཡིན། དུས་ཡུན་ཟླ་བ་གཅིག་གི་གསོ་སྦྱོང་དང་སློབ་སྦྱོང་བྱས་པ་བརྒྱུད། ང་རང་དྲན་གསོ་ཁང་གི་འགྲེལ་བཤད་པ་ཆུང་ཆུང་ཞིག་ཏུ་གྱུར་ཡོད། བརྒྱུད་རིམ་དེ་ངའི་ཕྱིར་དྲན་རྩ་ཆེན་ཞིག་ཏུ་འགྱུར་ངེས་རེད”ཅེས་བཤད།

    བུ་མོ་ཆུང་ཆུང་འདི་དང་འདྲ་བར་འགྲེལ་བཤད་ལས་དོན་ལ་དགའ་པོ་བྱེད་མཁན་ཁྲོད་ད་དུང་ལོ་66ལ་སླེབས་པའི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་རྒན་གྲས་མཱ་ཤིས་ཝུའེ་ཡོད། ཁོང་ནི་ཐུང་ཤིན་རྫོང་གི“གཅིག་རྒྱུན་གཅིག་འཛིན”གྱི་ལས་བྱེད་པ་རྒན་གྲས་ཀྱི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཞིག་རེད། ལོ་མང་རིང་ཁོང་གིས་དམར་དམག་ནུབ་སྐྱོད་དྲན་གསོ་ཁང་དུ་འོས་འགན་འགྲེལ་བཤད་པའི་འགན་འཁུར་ནས་ལྟ་སྐོར་བ་ཚོར་དམར་དམག་དུས་སྐབས་ཀྱི་མི་རིགས་མཐུན་སྒྲིལ་སྐོར་གྱི་གཏམ་རྒྱུད་བརྗོད་ཀྱི་ཡོད། སེམས་འགུལ་ཐེབས་པའི་གནས་ཚུལ་སྐོར་གླེང་རིམ་བཞིན་ཁོང་མཆི་ཞག་འཁོར་གྱི་ཡོད།

    1995ལོ་ནས་བཟུང་ཀུའུ་ཡོན་སློབ་འབྲིང་གཉིས་པའི་དམའ་རིམ་སློབ་འབྲིང་ལོ་རིམ་དང་པོ་དང་མཐོ་རིམ་སློབ་འབྲིང་ལོ་རིམ་དང་པོའི་སློབ་མ་གསར་པ་ཚོས་དྭངས་གསལ་དུས་ཚིགས་ཀྱི་སྔ་ནུབ་ཏུ་རྐང་ཐང་མར་སློབ་གྲྭ་ནས་རེན་ཧྲན་ཧོ་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་སྐྱོད་ཀྱི་ཡོད། རྣམ་པ་དེ་རིགས་ལ་བརྟེན་ནས་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བ་དེ་ད་བར་ལོ་29རྒྱུན་འཁྱོངས་བྱས་ཡོད།

    “བྱེད་སྒོ་དེ་བརྒྱུད་སློབ་མ་ཚོས་དད་སེམས་ཀྱི་སྟོབས་ཤུགས་དང་གསར་བརྗེའི་སྙིང་སྟོབས་ལྡན་པའི་བླ་ན་མེད་པ་ཞིག་ཡིན་པ་ཚོར་ཐུབ་པ་མ་ཟད། བདེ་སྐྱིད་ལྡན་པའི་འཚོ་བ་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པ་དེ་བས་གསལ་པོར་ཤེས་ཐུབ། སློབ་གྲོགས་ཚོ་ཕན་ཚུན་སྐུལ་ལྕག་བྱེད་པའི་ཁྲོད་རོགས་རེས་དང་མཛའ་གཅུགས་ཀྱི་སློབ་གྲོགས་དབར་གྱི་བརྩེ་དུང་ཡང་ཆགས་ཀྱི་ཡོད”ཅེས་ཀུའུ་ཡོན་སློབ་འབྲིང་གཉིས་པའི་དགེ་རྒན་རེན་ཧའོ་ཡིས་བཤད།

    ཉེ་བའི་ལོ་ཤས་རིང་ཉིང་ཞ་ཡིས་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་དང་སྙིང་སྟོབས་ལྡན་པའི་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ཏེ། རྣམ་པ་སྣ་ཚོགས་བརྒྱུད་གསར་བརྗེའི་སྲོལ་རྒྱུན་སློབ་གསོར་ཤུགས་སྣོན་རྒྱག་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་བཏང་ནས། མཛེས་སྡུག་ལྡན་པའི་ཉིང་ཞ་གསར་པ་མགྱོགས་མྱུར་འཛུགས་སྐྲུན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཉིང་ཞ་ཡི་ལེའུ་ཧུར་ཐག་རྩོམ་ཆེད་བསམ་པའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།