དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧྲང་ཧའེ་དཔེ་དེབ་འགྲེམས་སྟོན་སྐབས་ཉི་ཤུ་པ་འགོ་ཚུགས་པ།

    དཔེ་དེབ་ཀྱི་སྟོན་མོ་བཤམས་ནས་དཔེ་ཀློག་གི་འདུ་ཚོགས་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-17

    འདི་ལོའི་ཧྲང་ཧའེ་དཔེ་དེབ་འགྲེམས་སྟོན་གྱི་ཡུལ་དངོས།

    ཟླ་8ཚེས་14ཉིན་2024ལོའི་ཧྲང་ཧའེ་དཔེ་དེབ་འགྲེམས་སྟོན་དང“དཔེ་དེབ་ཀྱི་དྲི་ཞིམ་འཐུལ་བའི་ཀྲུང་གོའི”ཧྲང་ཧའེ་གཟའ་འཁོར་ཧྲང་ཧའེ་འགྲེམས་སྟོན་ལྟེ་གནས་སུ་འགོ་ཚུགས་ནས་ཀློག་པ་པོ་འབོར་ཆེན་བསུས་ཡོད། 2024ལོའི་ཧྲང་ཧའེ་དཔེ་དེབ་འགྲེམས་སྟོན་ལ་དཔེ་སྐྲུན་ཚོགས་པ་19དང་དཔེ་སྐྲུན་ཁང་360ལྷག་ཙམ་གྱིས་དཔེ་དེབ་རྩེ་གྲ་སྣ་ཚོགས་ཁྲི་16ལྷག་ཙམ་འགྲེམས་སྟོན་བྱས་ཡོད། ལོ་21རིང་ཁྱོན་སྐབས་20གཉེར་བ་དང་། ཐོག་མའི་གསར་གཏོད་དང་བར་གྱི་རྒྱ་སྐྱེད་བརྒྱུད་ད་ཆ་ཧྲང་ཧའེ་དཔེ་དེབ་འགྲེམས་སྟོན་དེ་རང་རྒྱལ་གྱི་ལོ་འཁོར་གྱི་དཔེ་དེབ་གསར་པ་གལ་ཆེན་ཕུད་འགྲེམས་བྱ་ཡུལ་དང་ཤུགས་རྐྱེན་ཆེན་པོ་ལྡན་པའི་དཔེ་དེབ་འགྲེམས་སྟོན་འདུ་ཚོགས་ཀྱི་གྲས་སུ་གྱུར་ཡོད།

    ཀློག་པ་པོའི་དགོས་མཁོ་བསྐང་རྒྱུ་ནི་ཧྲང་ཧའེ་དཔེ་དེབ་འགྲེམས་སྟོན་གྱི་འགོ་འཛུགས་ས་ཡིན། ཧྲང་ཧའེ་དཔེ་དེབ་འགྲེམས་སྟོན་སྐབས་དང་པོའི་འགྲེམས་སྟོན་ལ་ཞུགས་མཁན་མི་ཐེངས་ཁྲི་20ལས་བརྒལ་བ་དང་སྐབས་གཉིས་པར་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་པའམ་ཧ་ཅང་དགའ་པོ་བྱེད་པའི་དཔེ་དེབ་ཐོན་ཡོད། ཧྲང་ཧའེ་དཔེ་དེབ་འགྲེམས་སྟོན་གྱིས་ཐོག་མཐའ་བར་གསུམ་དུ་རྩོམ་པ་པོ་དང་། དཔེ་སྐྲུན་ཚན་པ། ཀློག་པ་པོ་བཅས་དབར་སྤེལ་རེས་གཏིང་ཟབ་བྱེད་པའི་སྟེགས་བུ་ཞིག་བསྐྲུན་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད།

    ཧྲང་ཧའེ་ཡི་དཔེ་སྐྲུན་ཚན་པའི་ཚོགས་ར་གཙོ་བོ་ཡིན་པའི་དཔེ་དེབ་འགྲེམས་སྟོན་ལ་ཧྲང་ཧའེ་པར་མའི་དཔེ་དེབ་ཡག་པོ་མང་པོ་འདུས་ཡོད། ཧྲང་ཧའེ་དུས་རབས་དཔེ་སྐྲུན་ཚོགས་པས་འགྲེམས་སྟོན་བྱས་པའི་དཔེ་དེབ་སྣ་ཁ་ཁྲི་ལྷག་ཙམ་ཟིན་པ་ལས་དཔེ་དེབ་གསར་པ་2000ལྷག་ཙམ་ཡོད་པ་དེར་བརྗོད་དོན་གཙོ་བོའི་དཔེ་སྐྲུན་དངོས་པོ་ཡོད་ལ་སྤུས་དག་ཏུ་བཏང་བའི《འདི་ནི་ཧྲང་ཧའེ་ཡིན། འཛུགས་སྐྲུན་གྱི་དཔེ་དེབ》དང་མའོ་ཏུན་རྩོམ་རིག་བྱ་དགའ་ཐོབ་པའི་བརྩམས་སྒྲུང《ལེ་དབར་སྟོང་གི་རི་ཀླུང》གཞིར་བཟུང་བཅོས་སྒྲིག་བྱས་པའི་མུ་འབྲེལ་རི་མོ་རིང་གྲས་སོགས་ཀྱང་ཡོད་པ་རེད།

    དཔེ་དེབ་ཆ་ཚང་50ཡོད་པ་དང་། པོད་1200ལྷག་ཙམ་ཟིན་པ། ཡིག་འབྲུ་ཁྲི་1800ཡོད་པ་མ་ཟད། སྙན་ངག་པ་4000ཙམ་གྱི་སྙན་ཚིག་ཁྲི་5.5ཙམ་འདུས་པའི་ཧྲང་ཧའེ་དུས་རབས་དཔེ་སྐྲུན་ཚོགས་པའི་གཤམ་འོག་གི་ཧྲང་ཧའེ་གནའ་དཔེ་དཔེ་སྐྲུན་ཁང་གི《ཐང་གི་མི་རབས་ལྔའི་སྙན་ངག་ཕྱོགས་བསྒྲིགས》ནི་ཧྥུའུ་ཏན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཁྲེན་ཧྲང་ཅུན་གྱིས་དཀའ་བ་ལོ་40སྤྱད་པའི་རིག་གཞུང་གྲུབ་འབྲས་ཤིག་རེད། ད་རེས་ཀྱི་དཔེ་དེབ་འགྲེམས་སྟོན་ལ་ཀློག་པ་པོ་ཚོས་སྙན་ངག་དེབ་དེ་དཔེ་སྐྲུན་བྱས་པར་དཔང་པོ་བྱ་རྒྱུ་རེད།

    ཧྲང་ཧའེ་དཔེ་དེབ་འགྲེམས་སྟོན་བྱེད་ཐེངས་ཚང་མར་ཧྲང་ཧའེ་རྩོམ་སྒྱུར་དཔེ་སྐྲུན་ཁང་གི་ཧྲེ་ཀྲང་ཧན་ཝུའེ་ཏུང་རྟག་ཏུ་ཡོང་གི་ཡོད། འདི་ལོ་ཧྲང་ཧའེ་རྩོམ་སྒྱུར་དཔེ་སྐྲུན་ཁང་གི་འགྲེམས་གནས་ཀྱི་བརྗོད་དོན་གཙོ་བོ་ནི“དཔེ་དེབ་ནི་འགོ་འཛུགས་ས་ཡིན”ཞེས་པ་དེ་རེད། ཧན་ཝུའེ་ཏུང་གིས“ང་ཚོས་ཀློག་པ་པོ་ཚོར་དེ་བས་ཡངས་ཤིང་རྒྱ་ཆེ་བའི་འཛམ་གླིང་ཤེས་རྟོགས་བྱེད་དུ་འཇུག་གི་ཡིན་ལ། འཛམ་གླིང་ས་གནས་ཁག་ཏུ་སྐྱོད་པ་ལྟ་བུའི་ཡུལ་སྐོར་གྱི་ཚོར་སྣང་ཞིག་སྦྱིན་ཐུབ་པ་བྱེད་ཀྱི་ཡིན། ཧྲང་ཧའེ་དཔེ་དེབ་འགྲེམས་སྟོན་ནི་ཀློག་པ་པོ་དང་དཔེ་དེབ་ཕྱོགས་གཉིས་ཀྱི་འགྲུལ་བཞུད་ཅིག་ཡིན”ཞེས་བརྗོད།

    ཀློག་པ་པོ་ཀའོ་ཙེ་ལིན་གྱིས“ཆུང་དུས་དཔེ་དེབ་འགྲེམས་སྟོན་འདི་ང་ལ་མཚོན་ན་དཔེ་དེབ་གང་དགར་ལྟ་ཆོག་པའི་གནས་ཤིག་ཡིན། དཔེ་དེབ་འགྲེམས་སྟོན་གྱིས་ང་ལ་ཤེས་བྱའི་གཤོག་ཟུང་བསྒར་བར་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་བརྗོད།

    2024ལོའི་ཧྲང་ཧའེ་དཔེ་དེབ་འགྲེམས་སྟོན་ལ་ཉིན་ལྟར་ཉིན་མོ་དང་མཚན་མོའི་འགྲེམས་སྟོན་གཉེར་བ་མ་ཟད། དཔེ་དེབ་ཉོ་བའམ་ཀློག་པ་དང་། དཔེ་དེབ་གསར་པ་ཁྱབ་བསྒྲགས། རྩོམ་པ་པོ་གྲགས་ཅན་གྱི་འཆད་ཁྲིད། ཤེས་བྱ་མཉམ་སྤྱོད་སོགས་ཀྱི་བྱེད་སྒོ་དེ་ས་གནས་དེ་གའི་ཁྱད་ལྡན་བྱེད་སྒོ་དང་མཉམ་དུ་སྤེལ་རྒྱུ་རེད། དེ་དང་ཆབས་ཅིག་ད་ཐེངས་ཀྱི་དཔེ་དེབ་འགྲེམས་སྟོན་ལ་ལྟ་སྐོར་གྱི་སྤ་སེ་ཁྲི་40ཙམ་འཚོང་རྒྱུ་དང་དྲ་ཐོག་དང་དྲ་ཕྱིའི་བྱེད་སྒོ་བསྡོམས་སྟོང་ལྷག་ཙམ་སྤེལ་ནས་དཔེ་ཀློག་དང་འཚོ་བ་མཉམ་འདྲེས་བྱས་ཏེ་གྲོང་ཁྱེར་ལ་དཔེ་དེབ་ཀྱི་དྲི་ཞིམ་འཐུལ་བར་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།