དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧྲའན་ཤིས་ནས་ཅུང་ཆ་ཚང་བའི་དོམ་ཁྲའི་འགྱུར་རྡོ་ཐོག་མར་རྙེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-17

    ཉེ་ཆར། ཧྲའན་ཤིས་ཞིང་ཆེན་ཧན་ཀྲུང་གྲོང་ཁྱེར་ཁྲེང་ཀུའུ་རྫོང་གི་རྡོ་ཐལ་བྲག་རྡོའི་ཆུས་དྲུས་བྲག་ཕུག་ཅིག་ནས་དོམ་ཁྲའི་འགྱུར་རྡོ་རྙེད་པ་དང་དེའི་མགོ་རུས་ཀྱི་འགྱུར་རྡོ་ཆ་ཚང་ཚད་90%ཡན་ཟིན་གྱི་ཡོད་པ་དང་། རུས་པ་གཞན་དག་གི་འགྱུར་རྡོ་ཆ་ཚང་ཚད་70%ཟིན་གྱི་ཡོད། དེ་ནི་ཧྲའན་ཤིས་ནས་ཅུང་ཆ་ཚང་བའི་དོམ་ཁྲའི་འགྱུར་རྡོ་ཐོག་མར་ཤེས་རྟོགས་བྱུང་བ་ཞིག་ཡིན་པས་ཚན་རིག་གི་རིན་ཐང་གལ་ཆེན་ལྡན་ཡོད།

    ཧྲའན་ཤིས་ཞིང་ཆེན་གནའ་བོའི་སྐྱེ་དངོས་འགྱུར་རྡོ་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་སོགས་ཚན་པའི་རིགས་གཅིག་མཁས་ཅན་གྱིས་འགྱུར་རྡོ་འཚོལ་བསྡུའི་ལས་དོན་སྤེལ་འགོ་ཚུགས་པ་རེད། རིགས་གཅིག་མཁས་ཅན་གྱིས་གསལ་འབྱེད་རགས་ཙམ་བྱས་པ་བརྒྱུད། འགྱུར་རྡོ་དེ་དོམ་ཁྲ་དར་མ་མོ་ཞིག་ཡིན་པ་དང་ཀྲུང་གོའི་ལྷོ་ཕྱོགས་ཀྱི་དུས་རབས་བཞི་པར་མཐོང་མང་བའི“དོམ་ཁྲ་སྟེ། མཆེ་བ་རལ་གྲི་ལྟ་བུའི་གླང་ཆེན་སྲོག་ཆགས་ཁྱུའི”ཁོངས་སུ་གཏོགས་པ་དང་། འགྱུར་རྡོའི་དུས་རབས་ནི་དུས་རབས་བཞི་པའི་དུས་དཀྱིལ་གྱི་གསར་སྒྱུར་དུས་རབས་ཀྱི་དུས་མཇུག་ནས་དུས་རབས་གསར་པའི་བར(ད་བར་ལོ་ཁྲི་20ནས་ཁྲི་1བར)ཡིན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།