དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་བྱུང་ཐོན་ཁུངས་པུའུ་སོགས་སྡེ་ཚན་བཞིས《བསམ་འཆར》བཀྲམ་ནས།

    དུས་སྐབས་གསར་པའི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོར་སྐུལ་འདེད་གཏིང་ཟབ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-17

    ཚེས་14ཉིན་གསར་འགོད་པས་རང་བྱུང་ཐོན་ཁུངས་པུས་འཚོགས་པའི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པ་ལྟར་ན། ཉེ་ཆར་རང་བྱུང་ཐོན་ཁུངས་པུས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། ནོར་སྲིད་པུའུ། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་བཅས་དང་མཉམ་དུ《ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པའི“ཞ་མོན་གྱི་ལག་ལེན”གྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ནས་དུས་སྐབས་གསར་པའི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་རེད།

    《བསམ་འཆར》ནང་བླང་བྱ་བཏོན་དོན། རི་རྩེ་ནས་རྒྱ་མཚོའི་བར་གྱི་སྲུང་སྐྱོང་དང་བཅོས་སྐྱོང་གི་རྣམ་པ་ཆེན་པོ་ཧུར་ཐག་བསྐྲུན་པ་དང་། རི་ཆུ་ནགས་ཞིང་དང་མཚོ་རྩྭ་བྱེ་ཐང་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས“མཛེས་པའི་རང་བྱུང་ཁམས”འཛུགས་སྐྱོང་བྱེད་དགོས། འབྱུང་རྩ་ནས་སྲུང་སྐྱོང་དང་བརྒྱུད་རིམ་ཧྲིལ་པོའི་ཉམས་གསོ་བཅོས་སྐྱོང་ཟུང་འབྲེལ་གྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཕྱོགས་ཡོངས་དང་། ས་ཁོངས་ཡོངས། བརྒྱུད་རིམ་ཡོངས། རྒྱུ་རྐྱེན་ཡོངས་བཅས་ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོར་སྤྱི་འདོམས་བྱེད་པ་དང་། སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་། བརྟན་པོའི་རང་བཞིན། རྒྱུན་མཐུད་རང་བཞིན་ཆེ་རུ་གཏོང་དགོས། རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི་འདུ་ཤེས་དོན་འཁྱོལ་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་མགྱོགས་མྱུར་གཏོང་བ་དང་དོན་འཁྱོལ་བྱས་ཏེ་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་གྱིས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་རམ་འདེགས་བྱེད་དགོས།

    《བསམ་འཆར》ནང་བཏོན་དོན། “སྐྱེ་ཁམས་མ་ལག་གི་ཐཱན་འདུས་ནུས་པ་སྲ་བརྟན་དང་ཆེ་རུ་གཏོང་དགོས”ཞེས་བཏོན་ཡོད། ནགས་ཚལ་དང་རྩྭ་ཐང་གི་ཐཱན་འདུས་ནི་ཐཱན་ཚད་སྙོམ་སྦྱོར་གྱི་དམིགས་ཚད་མངོན་འགྱུར་བྱེད་པའི“གྲུ་རྡོ”ལྟ་བུ་ཡིན་ལ། གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་འདོན་གྱི་ཡོད། ནགས་ཚལ་དང་རྩྭ་ཐང་གི་སྐྱེ་ཁམས་མ་ལག་གི་ཐཱན་འདུས་ནུས་པ་སྲ་བརྟན་དང་ཆེ་རུ་གཏོང་བར་ལྗང་མདོག་རྒྱ་སྐྱེད་དང་། ལྗང་མདོག་དར་རྒྱས། ལྗང་མདོག་སྲུང་སྐྱོང་བཅས་མཉམ་དུ་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་བྱེད་དགོས།

    གོམ་སྟབས་རྗེས་མར་རང་བྱུང་ཐོན་ཁུངས་པུས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། ནོར་སྲིད་པུའུ། རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་སོགས་དང་མཉམ་དུ《བསམ་འཆར》གྱི་སྲིད་ཇུས་བྱེད་ཐབས་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བ་དང་། རང་རྒྱལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བཅས་བྱས་ཏེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་མགྱོགས་མྱུར་བྱ་རྒྱུ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།