དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི〈ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས〉སྐོར་གྱི་གསལ་བཤད་སྤེལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-08-17

    ཟླ་8ཚེས་16ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་16པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི《〈ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས〉སྐོར་གྱི་གསལ་བཤད》སྤེལ་རྒྱུ་ཡིན་པ་རེད།

    ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ལྟེ་བའི་ལས་འགན་ལ་དམིགས་ནས་སྒྱུར་བཅོས་ཐད་ཇུས་འགོད་དང་བཀོད་སྒྲིག་བྱེད་པ་ནི་ཏང་གིས་སྒྱུར་བཅོས་སྒོ་དབྱེར་འགོ་ཁྲིད་བྱས་པའི་གྲུབ་འབྲས་ལྡན་པའི་ཉམས་མྱོང་ཡིན། ལག་ལེན་གྱི་ཉམས་མྱོང་དང་དངོས་ཡོད་ཀྱི་དགོས་མཁོར་གཞིགས་ནས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་དུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གནད་དོན་ལ་ཞིབ་འཇུག་བྱ་རྒྱུའི་ཐག་བཅད་ཅིང་། དེ་ནི་གཙོ་བོ་གཤམ་གསལ་གྱི་ཕྱོགས་འགའ་ལ་བསམ་གཞིགས་བྱས་ཡོད་པ་སྟེ། དང་པོ། འདི་ནི་མི་སེམས་གོང་བུ་སྒྲིལ་བ་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་མངོན་འགྱུར་བྱེད་པའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཡིན། གཉིས་པ། འདི་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཡིན། གསུམ་པ། འདི་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དང་འགྱུར་ལྡོག་ལ་སྔར་བས་འཚམ་པར་བྱེད་པའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཡིན། བཞི་པ། འདི་ནི་ཉེན་ཁའི་འགྲན་སློང་ཆེན་པོར་ཁ་གཏད་འཇལ་བ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་བརྟན་བགྲོད་རྒྱང་འཁྱོལ་ལ་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཡིན།

    ཞི་ཅིན་ཕིང་གིས་བསྟན་དོན། གཏན་འབེབས་མ་ཟིན་འགོད་པའི་བརྒྱུད་རིམ་ཁྲོད། ང་ཚོས་གཤམ་གསལ་གྱི་ཕྱོགས་འགའ་གཙོ་གནད་དུ་བཟུང་ནས་དམ་འཛིན་བྱས་པ་སྟེ། གཅིག་ནས་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་དང་ལྷག་པར་དུ་དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་བཏང་བའི་ཉམས་མྱོང་རྩ་ཆེན་ལ་ཕྱོགས་སྡོམ་དང་བེད་སྤྱོད་བྱས་ཏེ། གཞི་འཛིན་སའི་རྩ་དོན་གཏན་འཁེལ་དང་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཡོད། གཉིས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་དོན་འཁྱོལ་བྱེད་པར་དམ་པོར་དམིགས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བར་ཇུས་འགོད་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཡོད། གསུམ་ནས་གཙོ་གནད་ལ་དམ་འཛིན་བྱས་ནས། སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་འབུར་དུ་ཐོན་པ་དང་། འཐབ་ཇུས་རང་བཞིན་དང་སྤྱི་ཡོངས་རང་བཞིན་གྱི་སྒྱུར་བཅོས་གལ་ཆེན་འབུར་དུ་ཐོན་པ། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཀྱི་སྣེ་ཁྲིད་ནུས་པ་འབུར་དུ་ཐོན་པ་བཅས་བྱས་ཏེ་སྒྱུར་བཅོས་ཀྱི་སྣེ་ཁྲིད་ནུས་པ་མངོན་གསལ་དོད་པོ་ཡོང་བར་བྱས་ཡོད། བཞི་ནས་མི་དམངས་བླ་ན་མེད་པ་མཐའ་འཁྱོངས་བྱས་ཏེ། མི་དམངས་ཀྱི་སྤྱི་ཡོངས་ཁེ་ཕན་དང་། རྩ་བའི་ཁེ་ཕན། ཕུགས་ཀྱི་ཁེ་ཕན་བཅས་ལ་དམིགས་ནས་སྒྱུར་བཅོས་ལ་ཇུས་འགོད་དང་སྐུལ་འདེད་བཏང་ཡོད། ལྔ་ནས་མ་ལག་འདུས་གྲུབ་ལ་ཤུགས་སྣོན་དང་སྒྱུར་བཅོས་ལ་སྤྱི་ཡོངས་ནས་ཇུས་འགོད་དང་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱ་རྒྱུར་ཤུགས་བརྒྱབ་ནས། ཕྱོགས་ཁག་གི་སྒྱུར་བཅོས་ཕན་ཚུན་གཞོགས་འདེགས་དང་མཐུན་སྦྱོར་ནུས་ཆེ་ཡོང་བར་བྱས་ཡོད།

    ཞི་ཅིན་ཕིང་གིས་བསྟན་དོན། གཏན་འབེབས་མ་ཟིན་ནང་2035ལོར་སླེབས་སྐབས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་རྒྱུར་ཆེད་དུ་དམིགས་ཏེ། མ་འོངས་ལོ་ལྔའི་ནང་གི་སྒྱུར་བཅོས་ཀྱི་བྱེད་ཐབས་གལ་ཆེན་གཙོ་གནད་དུ་བཟུང་ནས་བཀོད་སྒྲིག་བྱས་པ་དང་། ནང་དོན་བཀོད་སྒྲིག་ཐད་ལ་གཤམ་གསལ་གྱི་ཁྱད་ཆོས་འགའ་ཡོད་པ་སྟེ། དང་པོ། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱ་རྒྱུར་མཐོང་ཆེན་བྱེད་དགོས། གཉིས་པ། ཕྱོགས་ཡོངས་ནས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་རྒྱུར་མཐོང་ཆེན་བྱེད་དགོས། གསུམ་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་བྱ་རྒྱུར་མཐོང་ཆེན་བྱེད་དགོས། བཞི་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱ་རྒྱུར་མཐོང་ཆེན་བྱེད་དགོས། ལྔ་པ། ཏང་གིས་སྒྱུར་བཅོས་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་མཐོང་ཆེན་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།