དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ད་ལོ་རང་རྒྱལ་གྱི་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་དུང་ཕྱུར་ཆིག་སྟོང་ལས་བརྒལ་བ།

    ན་ནིང་དང་བསྡུར་ན་ཉིན་71གིས་སྔ་བ་ཡོད་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-16

    ཟླ་8ཚེས་13ཉིན་ཚའེ་ཉའོ་མྱུར་སྐྱེལ་གྱིས་སྐྱེལ་འདྲེན་གྱི་འགན་འཁུར་བའི་མྱུར་སྐྱེལ་དངོས་ཟོག་ཤིན་ཅང་ཝུའུ་ལུའུ་མུའུ་ཆི་ནས་ཁྲང་ཅི་ལ་བསྐུར་བ་དང་སྦྲགས། རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱི་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོ་རང་རྒྱལ་གྱི་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་དུང་ཕྱུར་1000ལས་བརྒལ་བ་དེ་2023ལོ་དང་བསྡུར་ན་མྱུར་སྐྱེལ་དངོས་ཟོག་དུང་ཕྱུར་སྟོང་ཟིན་པ་དེ་ན་ནིང་ལས་ཉིན་71གིས་སྔ་བ་ཡོད། མྱུར་སྐྱེལ་དངོས་ཟོག་དུང་ཕྱུར་སྟོང་མགྱོགས་མྱུར་སླེབས་པ་དེ་ཐོག་ནས་རང་རྒྱལ་གྱི་མྱུར་སྐྱེལ་ཁྲོམ་ར་སྔར་བས་དར་རྒྱས་དང་འཕེལ་རྒྱས་ཀྱི་སྤུས་འབྲས་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་མཚོན་པ་མ་ཟད། དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་དང་མཉེན་ཆ་ཆེན་པོ་ཡང་མཚོན་ཡོད།

    གྲངས་གཞི་ལས་མངོན་པ་ལྟར་ན། མིག་སྔའི་བར་རང་རྒྱལ་གྱིས་རིམ་རྩིས་བྱས་ན་རྫོང་རིམ་པའི་སྤྱི་པའི་སྦྲག་སྐྱེལ་ཞབས་ཞུ་ལྟེ་གནས་1200ལྷག་ཙམ་དང་གྲོང་ཚོ་རིམ་པའི་སྦྲག་སྐྱེལ་ཟོག་འགྲེམས་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་ཁྲི་30ལྷག་ཙམ་བསྐྲུན་པ་དང་། ཅུང་འཐུས་སྒོ་ཚང་བའི་གྲོང་གསེབ་ཀྱི་སྦྲག་སྐྱེལ་ཟོག་འགྲེམས་མ་ལག་བཟོས་ཏེ་ཞིང་ལས་ཐོན་རྫས་འཁོར་རྒྱུག་གི་མ་གནས་དམའ་རུ་གཏོང་བ་དང་ཞིང་ལས་ཐོན་རྫས་འཁོར་རྒྱུག་གི་ལས་ཕྱོད་ཆེ་རུ་གཏོང་བ་སོགས་ཀྱི་ཐད་ནུས་པ་སྔར་བས་གལ་ཆེན་འདོན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།