ཧུའུ་ནན་ཙི་ཤིང་གིས་ཐོན་སྐྱེད་རང་སྐྱོབ་དང་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་པ།
“ཀེ་མེ”རྒྱ་མཚོའི་རླུང་འཚུབ་ཀྱི་ཤུགས་རྐྱེན་ཐེབས་ནས་ཙི་ཤིང་གྲོང་ཁྱེར་ཧོང་ཚའོ་གྲོང་རྡལ་གྱི་གྲོང་གསེབ་ཁག་གཅིག་ལ་གནོད་འཚེ་ཚབས་ཆེན་ཕོག་ཅིང་། ཉིན་ཤས་བསྟུད་མར་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རང་སྟོབས་རང་སྤེལ་གྱི་སྙིང་སྟོབས་དར་སྤེལ་བཏང་ནས། ཐོན་སྐྱེད་རང་སྐྱོབ་ཧུར་ཐག་བྱས་ཏེ་གེགས་རྗེས་ཀྱི་ཐོན་སྐྱེད་དང་ཁྱིམ་གཞིས་བསྐྱར་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།
འདི་ནི་ཟླ་8ཚེས་14ཉིན་ཧུའུ་ནན་ཞིང་ཆེན་ཙི་ཤིང་གྲོང་ཁྱེར་ཧོང་ཚའོ་གྲོང་རྡལ་ཀྲོའུ་ཐང་གྲོང་ཚོའི་ཁྲ་ཁེང་རང་བྱུང་གྲོང་ཚོར་ཅ་ཧོ་རྫོང་གི་རོཌ་སྐྲུན་ལས་དོན་རུ་མིས་གྲོང་མི་དང་མཉམ་དུ་ལམ་དང་ཟམ་པ་སྐྲུན་བཞིན་པ།