དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་ནགས་ཚལ་དང་རྩྭ་ཐང་དུ་ལོ་རེའི་ཐཱན་འདུས་ཚད་ཏུན་དུང་ཕྱུར་12ལས་བརྒལ་ནས་འཛམ་གླིང་གི་ཨང་དང་པོར་སླེབས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-16

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་14ཉིན་གློག་འཕྲིན་འབྱོར་གསལ། མིག་སྔར་རང་རྒྱལ་གྱི་ནགས་ཚལ་དང་རྩྭ་ཐང་དུ་ལོ་རེའི་ཐཱན་འདུས་ཚད་དབྱང་གཉིས་ཐཱན་འགྱུར་ཏུན་དུང་ཕྱུར་12ལས་བརྒལ་ནས་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད། དེ་ནི་ཐཱན་ཚད་སྙོམ་སྦྱོར་གྱི་དམིགས་ཚད་མངོན་འགྱུར་བྱེད་པའི“གྲུ་རྡོ”ལྟ་བུ་ཞིག་ཡིན་མོད། འོན་ཀྱང་ནགས་ཚལ་གྱི་ཐཱན་འདུས་རྣམ་གྲངས་གསར་སྤེལ་བྱེད་ཤུགས་ཆེ་དྲགས་པའི་སྣང་ཚུལ་ཐོན་རྒྱུར་དོ་སྣང་བྱེད་དགོས།

    དེ་ནི་གསར་འགོད་པས་ཚེས་14ཉིན་རང་བྱུང་ཐོན་ཁུངས་པུའུ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། ནོར་སྲིད་པུའུ། རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་བཅས་ཀྱིས་འཚོགས་པའི་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བ་ཞིག་རེད། རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་སྐྱེ་ཁམས་སིའི་རིམ་པ་དང་པོའི་སྐོར་གཟིགས་པ་ཀུའོ་ཆིང་ཅུན་གྱིས་ནགས་ཚལ་ནི་ཆུ་མཛོད་དང་། དངུལ་མཛོད། འབྲུ་མཛོད། ཐཱན་མཛོད་བཅས་གཅིག་ཏུ་འདུས་པའི་ནོར་མཛོད་ཆེན་པོ་ཞིག་ཡིན་པ་དང་། ནགས་ཚལ་དང་རྩྭ་ཐང་གིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཐད་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་ནུས་པ་ཐོན་ཡོད། ཚོད་རྩིས་བྱས་པར་གཞིགས་ན། མིག་སྔར་རྒྱལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་ལོ་རེའི་ཐཱན་འདུས་ཚད་དབྱང་གཉིས་ཐཱན་འགྱུར་ཏུན་དུང་ཕྱུར་12ལས་བརྒལ་ནས་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད། སྔོན་དཔག་བྱས་པར་གཞིགས་ན། 2060ལོར་རང་རྒྱལ་གྱིས་གཡོལ་ཐབས་བྲལ་བའི་ཐཱན་འབུད་ཚད་དབྱང་གཉིས་ཐཱན་འགྱུར་ཏུན་དུང་ཕྱུར་25ཙམ་ཟིན་པ་དང་ནགས་ཚལ་དང་རྩྭ་ཐང་གི་ཐཱན་འདུས་ཀྱིས་ཐཱན་འབུད་ཚད་ཕྱེད་ཀ་ཡན་བསྡུ་ལེན་བྱེད་ཐུབ་ཀྱི་ཡོད་པ་རེད། “ཐཱན་གཉིས”ཀྱི་དམིགས་ཚད་མངོན་འགྱུར་བྱ་རྒྱུ་ནི་རང་རྒྱལ་གྱིས་རང་འགུལ་ངང་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་བ་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་བརྗིད་ཆེའི་ཁས་ལེན་བྱས་པ་ཞིག་རེད། ཐཱན་ཚད་སྙོམ་སྦྱོར་གྱི་དམིགས་ཚད་མངོན་འགྱུར་བྱེད་པའི“གྲུ་རྡོ”ལྟ་བུ་ཡིན་པའི་ངོས་ནས་ནགས་ཚལ་དང་རྩྭ་ཐང་གི་ཐཱན་འདུས་ཀྱིས་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་འདོན་སྤེལ་བྱེད་ཀྱི་ཡོད།

    ཀུའོ་ཆིང་ཅུན་གྱིས་ནགས་ཚལ་དང་རྩྭ་ཐང་སྐྱེ་ཁམས་མ་ལག་གི་ཐཱན་འདུས་ནུས་པ་སྲ་བརྟན་དང་མཐོ་རུ་གཏོང་ཆེད། སྔོ་ཁེབས་ཆེར་གཏོང་དང་། སྔོ་ཁེབས་རྒྱ་སྐྱེད། སྔོ་ཁེབས་སྲུང་སྐྱོང་བཅས་མཉམ་དུ་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་དང་། ནགས་ཚལ་དང་རྩྭ་ཐང་གི་རྒྱ་ཁྱོན་ཆེ་རུ་བཏང་ནས་ནགས་ཚལ་དང་རྩྭ་ཐང་གི་ཐཱན་མཛོད་ཀྱི་སྤྱི་འབོར་མང་དུ་གཏོང་རྒྱུ། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་ཐཱན་འདུས་ཀྱི་འཕར་ཚད་མཐོ་རུ་བཏང་ནས་ནགས་ཚལ་དང་རྩྭ་ཐང་གི་སྐྱེ་ཁམས་མ་ལག་གི་ཐཱན་འདུས་ཀྱི་མི་མངོན་པའི་ནུས་པ་ཆེ་རུ་གཏོང་རྒྱུ། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐཱན་མཛོད་ཀྱི་གྱོང་གུན་ཉུང་དུ་གཏོང་བ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་དང་ཚོད་འཛིན་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། གནོད་ལྡན་སྐྱེ་དངོས་འགོག་བཅོས་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་གནོད་འཚེ་ལས་བྱུང་བའི་ཐཱན་འབུད་ཚད་ཉུང་དུ་གཏོང་རྒྱུ། སྨྱུག་སྡོང་གིས་ཚབ་བྱེད་པར་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་སྲ་ཐཱན་གྱི་ཕན་འབྲས་ཆེ་རུ་གཏོང་བ། སྨྱུག་སྡོང་ཞིབ་ཚགས་ལས་སྣོན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་འཛུགས་སྐྲུན་དང་། ཐུམ་སྒྲིལ། སྐྱེལ་འདྲེན་སོགས་ཁྱབ་ཁོངས་སུ་བེད་སྤྱོད་ཁྱབ་གདལ་གཏོང་རྒྱུ་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།