དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 《སྒྲ་སྙན་ལ་བཅངས་པའི་བརྩེ་བ》ཞེས་པར་བོད་ལྗོངས་ཀྱི་ཆེད་ལས་ཞབས་བྲོ་འགྲན་བསྡུར་ཆེན་པོའི་མི་རིགས་ཀྱི་དམངས་ཁྲོད་ཞབས་བྲོའི་ཨང་དང་པོ་ཐོབ་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-16

    ཉེ་ཆར། བོད་ལྗོངས་ཟློས་གར་ཁང་ཆེ་མོར་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པའི་མཇུག་འགྲིལ་མཛད་སྒོ་དང་བྱ་དགའ་སྤྲོད་པའི་མཚན་ཚོགས་གཉེར་ཞིང་། ཞབས་བྲོའི་འཁྲབ་སྟོན་པ་འཇམ་དབྱངས་བསྟན་འཛིན་ཡང་བསྐྱར་བྱ་དགའ་ལེན་སའི་སྟེགས་བུར་ཡོང་ཡོད། ཁོང་གིས་འཁྲབ་པའི《སྒྲ་སྙན་ལ་བཅངས་པའི་བརྩེ་བ》ཞེས་པར་ཟླ་7ཚེས་25ཉིན་གཉེར་བའི་བོད་ལྗོངས་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པའི་བོད་ཀྱི་ཆེད་ལས་ཞབས་བྲོ་འགྲན་བསྡུར་ཆེན་པོའི་མི་རིགས་ཀྱི་དམངས་ཁྲོད་ཞབས་བྲོའི(ཁེར་བྲོ། ཉིས་བྲོ། གསུམ་བྲོ)བྱ་དགའ་ཨང་དང་པོ་དང་། ཕུལ་བྱུང་གི་གསར་རྩོམ་བྱ་དགའ། ཕུལ་བྱུང་གི་རོལ་མོའི་བྱ་དགའ་བཅས་ཐོབ་ཡོད། 《སྒྲ་སྙན་ལ་བཅངས་པའི་བརྩེ་བ》ནི་བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་ན་གཞོན་འཁྲབ་ཁྲིད་པ་པད་མ་ཚེ་རིང་གིས་སྒྲིག་རྩོམ་བྱས་པ་ཞིག་རེད། པད་མ་ཚེ་རིང་གིས《སྒྲ་སྙན་ལ་བཅངས་པའི་བརྩེ་བ》ཡིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུ་བརྗོད་དོན་གཙོ་བོར་བྱས་པ་དང་། མངོན་མིན་རིག་གནས་ཤུལ་བཞག་སྒྲ་སྙན་བརྗོད་གཞིར་བྱས་ནས་གངས་ལྗོངས་ས་མཐོའི་བོད་རིགས་ལོ་ཆུང་ཞིག་གིས་དཀྲོལ་གཏོང་གི་ཞབས་བྲོའི་ཉམས་བཟང་མངོན་པར་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།