ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀུན་བདེ་གླིང་ཁྲོམ་གཞུང་གིས་དྲ་མིག་པའི་རྩལ་ནུས་འགྲན་བསྡུར་བྱེད་སྒོ་སྤེལ་བ།
ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀུན་བདེ་གླིང་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱིས་ཁོངས་གཏོགས་ཁུལ་གྱི་སྡེ་ཁུལ་ཁག་གི་དྲ་མིག་པ་སྒྲིག་འཛུགས་བྱས་ནས། “དྲ་མིག་པར་ཞུན་བརྡར་གྱིས་རྩལ་ནུས་ཆེ་རུ་གཏོང་བ་དང་འགྲན་བསྡུར་བྱས་ནས་ཉམས་འགྱུར་ངོམ”ཞེས་པའི་དྲ་མིག་པའི་རྩལ་ནུས་འགྲན་བསྡུར་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོའི་རིང་། “ངས་སྡེ་ཁུལ་གྱི་སྐོར་ཤོད”དང་། “ངས་དྲ་མིག་ལ་རྒྱུས་མངའ་ཆེ་ཤོས་ཡོད” “ངས་འཕེལ་རྒྱས་གླེང” “ངས་སྲིད་ཇུས་མང་ཤོས་ཤེས” “ངས་འགལ་ཟླ་སེལ”སོགས་ཀྱི་ནང་དོན་ཁག་ལྔ་ལ་དམིགས་ནས་གཏམ་བཤད་བྱས་པ་བརྒྱུད། དྲ་མིག་པའི་ལས་ཀའི་ཉམས་མྱོང་མཉམ་སྤྱོད་དང་། ས་གནས་ས་ཐོག་ཏུ་དྲི་བར་ལན་འདེབས་པ། ཤེས་བྱའི་འགྲན་བསྡུར་བཅས་དང་། དེ་བཞིན་ཡུལ་རྣམ་འཁྲབ་གཞུང་འཁྲབ་སྟོན་སོགས་ཀྱི་བྱེད་སྟངས་སྤྱད་དེ། སྡེ་ཁུལ་ཁག་གི་དྲ་མིག་པས་རྒྱུན་གཏན་གྱི་ལས་དོན་ཁྲོད་དམངས་ལ་ཞབས་འདེགས་ཞུ་བའི་རྩ་དོན་ལག་བསྟར་དང་། རང་འགན་ཐེག་པ་འཁུར་ལེན་གྱི་ཉམས་འགྱུར་བཟང་པོ་གང་ལེགས་མངོན་ཡོད། བྱེད་སྒོ་སྤེལ་བ་བརྒྱུད། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་ཁྲིད་སྟོན་བྱ་རྒྱུར་སྐུལ་འདེད་དང་། དྲ་མིག་གི་དོ་དམ་དང་ཞབས་འདེགས་ཡག་པོ་ཞུས་ནས་གཞི་རིམ་བཅོས་སྐྱོང་གི“མཐའ་མའི་འགག་གནད”སེལ་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་པ་རེད།