དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གིས་2024ལོའི་རྩྭ་ཐང་ཁ་གསབ་ཀྱི་བྱ་དགའི་དངུལ་སྤྲད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-16

    རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁ་གསབ་ཀྱི་བྱ་དགའི་སྲིད་ཇུས་ཀྱི་མ་དངུལ་དུས་ཐོག་ཏུ་དུད་ཚང་ལ་གྲངས་ཚང་སྤྲོད་ཐུབ་པ་བྱ་ཆེད། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱིས་ལས་དོན་མི་སྣ་སྒྲིག་འཛུགས་བྱས་ཏེ་རྫོང་ཡོངས་ཀྱི་རྩྭ་ཐང་ཁ་གསབ་ཀྱི་བྱ་དགའི་ནང་ཞུགས་མཁན་དུད་ཚང་3401ལ་མ་དངུལ་ཞིབ་རྩིས་དང་། རྨང་གཞིའི་གྲངས་གཞི་ཁྱབ་བསྒྲགས། ཆ་འཕྲིན་འཚོལ་བསྡུ། གྲངས་གཞི་ཞིབ་བསྡུར་བཅས་བྱས་ནས་གྲངས་གཞི་ནོར་འཁྲུལ་མེད་པ་དང་མ་དངུལ་སྤྲོད་པའི་དྲང་གཞག་རང་བཞིན་དང་ཁ་གསལ་ཚད་ལ་འགན་ལེན་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར། མཚོ་སྨད་རྫོང་གིས“གཱ་གཅིག་ཀུན་འཐུས”ཀྱི་རྣམ་པར་བརྟེན་ནས་རྩྭ་ཕྱུགས་དོ་སྙོམས་ཀྱི་བླང་བྱ་དང་འཚམ་པའི་དུད་ཚང་2380ལ་རྩྭ་ཐང་སྐྱེ་ཁམས་ཀྱི་ཁ་གསབ་བྱ་དགའི་སྲིད་ཇུས་ཀྱི་མ་དངུལ་སྒོར་ཁྲི་805.96སྤྲད་པའི་ནང་ཕྱུགས་བཀག་དང་རྩྭ་ཕྱུགས་དོ་སྙོམས་ཀྱི་བྱ་དགའི་དངུལ་སྒོར་ཁྲི་793.01དང་རྩྭ་ཐང་ལྟ་སྐུལ་པའི་གླ་ཆ་སྒོར་ཁྲི་12.95ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།