དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བདེ་སྐྱིད་འཚོ་བའི་རྣམ་པ་གསར་པ་གཏོད། གཞི་རིམ་བཅོས་སྐྱོང་ལས་དོན་ལེགས་པར་སྒྲུབ།

    སྟོད་ལུང་བདེ་ཆེན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞབས་ཞུའི་སྤུས་རྟགས་བཏོད་དེ་དམངས་འཚོའི་ལས་དོན་ཡག་པོ་སྒྲུབ་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-16

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལུང་ཅེའི་སྤུས་རྟགས་རབ་དང་རིམ་པ་བཏོད་དེ། བུད་མེད་དང་བྱིས་པའི་ཁེ་དབང་ལ་སྲུང་སྐྱོང་དང་། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་རམ་འདེགས། བརྩེ་སེམས་དང་བཅའ་ཁྲིམས་ལ་བརྟེན་ནས་ལས་དོན་ཁག་ཡག་པོ་སྤེལ་ཏེ། བུད་མེད་དང་བྱིས་པའི་ཁེ་དབང་ལ་འགན་སྲུང་བྱས་ནས་དམངས་འཚོའི་བྱ་བ་དངོས་མང་ཚོགས་ཀྱི་འདོད་བློ་དང་བསྟུན་ནས་ཏན་ཏིག་བསྒྲུབས་པ་རེད།

    སྟོད་ལུང་བདེ་ཆེན་ཆུས་ལུང་ཅེ་ཁེ་དབང་སྲུང་སྐྱོང་ཞབས་ཞུའི་ལྟེ་གནས་ནི་2021ལོའི་ཟླ་དགུ་པར་བཙུགས་ཤིང་། བུད་མེད་དང་བྱིས་པ་དང་དེ་བཞིན་ཁོ་ཚོའི་ནང་མིར་ཁེ་དབང་སྲུང་སྐྱོང་དང་། སྲིད་ཇུས་དྲིལ་བསྒྲགས། རྩོད་གཞི་འདུམ་འགྲིག བཅའ་ཁྲིམས་བློ་འདྲི། སེམས་ཁམས་བློ་འདྲི། དཀའ་ངལ་སེལ་རོགས་སོགས་ཀྱི་ཞབས་འདེགས་ཞུས་ནས་བུད་མེད་དང་བྱིས་པའི་ཁེ་དབང་ལ་སྲུང་སྐྱོང་ནུས་ལྡན་བྱེད་ཀྱི་ཡོད། ལུང་ཅེ་ཁེ་དབང་སྲུང་སྐྱོང་ཞབས་ཞུའི་ལྟེ་གནས་ཀྱིས་གྲོང་རྡལ་གྱི་ཁྲོམ་གཞུང་6དང་། སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་། ཁྲིམས་འཛིན། སྡེ་ཚོགས་ཨུ་ལྷན་སོགས་སྡེ་ཚན་དུ་ཁེ་དབང་སྲུང་སྐྱོང་ས་ཚིགས་11བཙུགས་ཡོད། མིག་སྔར་སྟོད་ལུང་བདེ་ཆེན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ལ་འདུམ་འགྲིག་ཁང་4ཡོད་ཅིང་། མང་ཚོགས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་བ་དང་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱ་ཆེད། སྟོད་ལུང་བདེ་ཆེན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལུང་ཅེ་ཁེ་དབང་སྲུང་སྐྱོང་མཐུན་སྦྱོར་ཁང་ལ་སྒྱུར་བཀོད་བྱས་ནས་ལུང་ཅེ་ཁེ་དབང་སྲུང་སྐྱོང་ཞབས་ཞུའི་ལྟེ་གནས་ཀྱི་འདུམ་འགྲིག་ཁང་ཁག་གི་ཁོར་ཡུག་ལེགས་སུ་ཤུགས་ཆེན་བཏང་ཡོད། མིག་སྔའི་བར། ཁྱིམ་ཚང་གི་འགལ་ཟླ་དང་རྩོད་གཞི་འདྲ་མིན་སྣ་ཚོགས་ཁྱོན་180ལྷག་ཙམ་འདུམ་འགྲིག་བྱས་ནས་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”ནུས་ལྡན་བཏོན་ཏེ་སྡེ་ཚན་ཁག་དབར་མཉམ་འགུལ་བྱས་ནས་འགལ་ཟླ་དུས་ཐོག་ཏུ་བསལ་ཡོད།

    དམངས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་དང་ཆུ་ཚད་སྔར་བས་མཐོ་རུ་གཏོང་ཆེད། སྟོད་ལུང་བདེ་ཆེན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལུང་ཅེ་ཁེ་དབང་སྲུང་སྐྱོང་ཞབས་ཞུའི་ལྟེ་གནས་ཀྱི་དུས་འགོའི་འཁོར་རྒྱུག་ལམ་སྲོལ་གྱི་རྨང་གཞིའི་ཐོག ལུང་ཅེ་ཁེ་དབང་སྲུང་སྐྱོང་ཞབས་ཞུའི་ལྟེ་གནས་ཀྱི“སྙན་སེང་ཤེས་རྟོགས་དང་། ཁེ་དབང་སྲུང་སྐྱོང་གི་རོགས་རམ། ཁྲིམས་སྐྱོང་དྲིལ་བསྒྲགས། དོན་གྲོས་གྲོས་མོལ”བཅས་ཀྱི་ལས་ཀའི་འགན་འཁྲི་ཁ་གསལ་བཟོས་ནས“ཡིག་འབུལ་ཞུ་བཅར་ལས་དོན་དང་། མཉམ་འབྲེལ་ཚོགས་འདུ། བསྐྱར་འདྲིའི་ལས་དོན། ལྟ་སྐུལ་སྒྲུབ་སྐུལ”བཅས་ལས་ཀའི་ལམ་ལུགས་བཞི་གཞིར་བཟུང་ཁེ་དབང་སྲུང་སྐྱོང་ལས་དོན་སྤེལ་ཡོད། “བུད་མེད་དང་བྱིས་པར་ལག་པ་བཏང་ནས་ལྷག་བསམ་ཟོལ་མེད་ངང་སྐད་ཆ་ཤོད་པ་དང་འཁྱག་དུས་གོས་དང་ལྟོགས་དུས་ཟས་སྐྱེལ་མཁན་ལྟ་བུ་བྱེད་པའི”ལས་ཀའི་རྣམ་འགྱུར་བཟུང་ནས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་། རིན་མི་དགོས་པར་བཅའ་ཁྲིམས་བློ་འདྲིར་ལན་རྒྱག་པ། ཁྱིམ་ཚང་གི་འགལ་ཟླ་དང་རྩོད་གཞི་སེལ་བ། ཁྱིམ་ཚང་གི་གཏུམ་སྤྱོད་ཞུ་གཏུག་བདག་སྤྲོད་བྱེད་པ། བཅའ་ཁྲིམས་རོགས་སྐྱོར་ལ་གཞོགས་འདེགས་བྱེད་པ། སེམས་ཁམས་བློ་འདྲིའི་ཞབས་འདེགས་ཞུ་བ། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་དུས་ཐོག་ཏུ་ཤེས་རྟོགས་བྱེད་པ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཞུགས་པ་བཅས་ཁེ་དབང་སྲུང་སྐྱོང་གི་ཞབས་འདེགས་ཁག་8ཞུས་པ་རེད།

    མི་སྣའི་འཇོན་ཐང་དང་ཆུ་ཚད་མཐོ་རུ་བཏང་ནས་ཆེད་ལས་འཇོན་ཐང་གི་ཞན་ཆ་སེལ་བ་དང་ཁྲིམས་ལྟར་འདུམ་འགྲིག་དེ་བས་ཡག་པོ་བྱ་ཆེད། སྟོད་ལུང་བདེ་ཆེན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་2023ལོའི་ཟླ་10པར་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་ལས་བཟོ་དང་། གྲོང་རྡལ་དང་ཁྲོམ་གཞུང་ཁག་གི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི། ཆེད་བསྐོས་ལས་བྱེད་པ་དང་དེ་བཞིན་སྲིད་འཛིན་གྲོང་ཚོ་34(སྡེ་ཁུལ)ཡི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་བཅས་ལ《གཉེན་སྒྲིག་དང་ཁྱིམ་ཚང་གི་འགལ་ཟླ་འདུམ་འགྲིག་གི་དྲ་ཐོག་སློབ་ཚན》གྱི་སློབ་ཐུན་20ཉོས་པ་དེ་ལམ་ལུགས་འཛུགས་སྐྱོང་དང་། འདུམ་འགྲིག་བྱེད་སྟངས། འདུམ་འགྲིག་རྩལ་ནུས་བཅས་ཁག་གསུམ་ལ་དབྱེ་ནས་མི་དམངས་འདུམ་འགྲིག་ལས་དོན་གྱི་གལ་ཆེའི་རང་བཞིན་དང་། ལས་ཀའི་འགན་འཁྲི། ལས་ཀའི་བརྒྱུད་རིམ། 《དམངས་དོན་ཁྲིམས་གཞུང》གི་གཉེན་སྒྲིག་དང་ཁྱིམ་ཚང་གི་ལེའུ་བཅས་ཀྱི་ནང་དོན་དང་དེ་བཞིན་ཤུལ་འཛིན་སོགས་དང་། འདུམ་འགྲིག་གི་ཐུན་མོང་གནས་ཚུལ་དང་། འདུམ་འགྲིག་གི་ཇུས་གཞི། གྱོད་དཔེ་དབྱེ་ཞིབ་སོགས་ནང་དོན་དུ་བྱས་ཤིང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པས་ལས་ཀ་དང་སློབ་སྦྱོང་གི་འགལ་ཟླ་ཡག་པོ་སེལ་ཆེད། དྲ་ཐོག་ནས་སློབ་ཚན་ཁྲིད་པ་གཙོ་བོར་བྱས་ཏེ་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པའི་རང་ངོས་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱེད་པར་སྟབས་བདེ་བསྐྲུན་ནས་ལས་དོན་ཁག་སྤེལ་ཡོད། སློབ་སྦྱོང་གི་ཕན་འབྲས་ལ་འགན་ལེན་བྱ་ཆེད། འགུལ་རྣམ་དཔྱད་ཞིབ་ལམ་སྲོལ་ལག་ལེན་བསྟར་བས་སློབ་སྦྱོང་ནང་ཞུགས་ཚད་100%དང་ཡིག་རྒྱུགས་ལོན་ཚད་85%ཟིན་ཡོད་པ་རེད།

    མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”སྔར་བས་སེལ་ཆེད། སྟོད་ལུང་བདེ་ཆེན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་གནས་ཆུང་སྡེ་ཁུལ་གྱི་ཆེད་མངགས་ཁུལ་གྱི་ཞབས་ཞུའི་ས་ཚིགས་སུ“ལུང་ཅེ་ཁྱིམ་ཆུང་ལས་སྟེགས”གནས་ཆུང་སྡེ་ཁུལ་གྱི་ཞབས་ཞུའི་ས་ཚིགས་དང་པོ་དེ་བཙུགས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ནུས་ལྡན་བསལ་བ་རེད། “ལུང་ཅེ་ཁྱིམ་ཆུང་ལས་སྟེགས”ཀྱིས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་རིན་མི་དགོས་པར་ཆུ་ཚ་པོ་དང་། གློག་གསོག་ས། བཅའ་ཁྲིམས་བློ་འདྲི། སེམས་ཁམས་བློ་འདྲི། ཁྱིམ་ཚང་གི་འབྲེལ་བ་བློ་འདྲི་སོགས་ཀྱི་ཞབས་འདེགས་ཞུས་པ་མ་ཟད། དུས་བཀག་ལྟར་ཁྲོམ་གཞུང་གི་ཁྲིམས་རྩོད་པས་མང་ཚོགས་ལ་རིན་མི་དགོས་པར་བློ་འདྲི་བྱེད་ཀྱི་ཡོད། “ལུང་ཅེ་ཁྱིམ་ཆུང་ལས་སྟེགས”བཙུགས་ཚུན། ཁྱིམ་ཚང་གི་འགལ་ཟླ་དང་རྩོད་གཞི་20ལྷག་ཙམ་འདུམ་འགྲིག་བྱས་པ་དང་ཆབས་ཅིག་ཉེ་འཁོར་གྱི་མང་ཚོགས་ལ་ཞབས་འདེགས་སྣ་ཚོགས་ཐེངས་160ལྷག་ཙམ་ཞུས་པ་རེད།

    སྟོད་ལུང་བདེ་ཆེན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྟོད་ལུང་བདེ་ཆེན་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་མཉམ་འབྲེལ་བྱས་ཏེ། དམངས་ལ་ཞབས་འདེགས་ཞུ་བའི་ལུང་ཅེའི་སྤུས་རྟགས་བཏོད་དེ་སྟོད་ལུང་བདེ་ཆེན་ཆུས་ཀྱི་གྲོང་རྡལ(ཁྲོམ་གཞུང)དང་གྲོང་ཚོ(སྡེ་ཁུལ)ཁག་གི་སེམས་ཁམས་བློ་འདྲི་ཁང་6བསྡུ་སྒྲིལ་བྱས་པ་རེད། མང་ཚོགས་ཀྱིས་རྩ་གཉིས་ཨང་རྟགས་བཤེར་ནས་དགོས་མཁོ་ལྟར་རང་ཉིད་ཀྱིས་མོས་པོ་བྱེད་པའི་བློ་འདྲི་བར་གཅིག་གཏད་གཅིག་གི་སེམས་ཁམས་བློ་འདྲི་བྱེད་ཆོག ཕྲུ་གུར་སློབ་གསོ་གཏོང་བའི་ཐད་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་ཁྲལ་ཆུང་དུ་གཏོང་ཆེད། སྟོད་ལུང་བདེ་ཆེན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ད་དུང《ཁྱིམ་ཚང་སློབ་གསོའི་སློབ་ཁང་ཆུང་ངུ》ཉོས་ནས“ལུང་ཅེའི་སློབ་ཁང་ཆུང་ངུ”བཏོད་དེ་ཁྱིམ་ཚང་སློབ་གསོར་རམ་འདེགས་ཀྱིས་ཁྱིམ་སྲོལ་བཟང་པོ་དར་སྤེལ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།