དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་གཏོང་བར་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།   ཧོང་ཕེ་ཀྲའོ།   |     སྤེལ་དུས།  2024-08-16

    ཨེ་ཅིབ་གུང་ཁྲན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ས་ལ་ཧོ·ཨ་ཏེ་ལིའི་གཞུང་ལས་ཁང་རྒྱལ་ས་ཁེ་རོའི་བཅིངས་འགྲོལ་ཐང་ཆེན་གྱི་ཉེ་འགྲམ་དུ་གནས་ཤིང་། གཞུང་ལས་ཁང་གི་སྒྲོག་ཙེའི་ཐོག་གྲལ་སྒྲིག་པོར་བཞག་པའི་ཨ་རབ་ཡི་གེའི་དཔར་མའི《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ནི་ཁོང་གིས་རྟག་ཏུ་ཞིབ་ཀློག་བྱེད་པའི་བརྩམས་ཆོས་ཤིག་རེད། “ཀྲུང་གོའི་འགོ་ཁྲིད་པས་དོན་དངོས་གསར་པ་དང་ཟུང་འབྲེལ་བྱས་ནས་རིགས་པའི་གཞུང་ལུགས་གསར་གཏོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ་གསར་གཏོད་རང་བཞིན་ལྡན་པའི་རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་བཏོན་པ་དེ་རྒྱལ་ཁབ་གཞན་དག་གི་སྲིད་ཏང་གིས་དཔྱད་གཞིར་འཛིན་རིན་ཡོད་པ་ཞིག་རེད”ཅེས་ས་ལ་ཧོ་ཡིས་བརྗོད།

    ས་ལ་ཧོས“ང་རང་ལ་2017ལོའི་ཟླ་12ཚེས་1ཉིན་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་གླེང་མོལ་ཚོགས་འདུའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐེངས་དང་པོར་འཇལ་བྱུང་”ཞེས་བརྗོད། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་གོ་ལ་ཧྲིལ་པོའི་སྲིད་ཏང་ཁག་དང་མཐོ་རིམ་གླེང་མོལ་བྱེད་ཐེངས་དང་པོ་ཡིན་པ་དང་འཛམ་གླིང་གི་རྒྱལ་ཁབ་120ལྷག་ཙམ་ནས་ཡོང་བའི་སྲིད་ཏང་དང་ཆབ་སྲིད་རྩ་འཛུགས་300ཙམ་གྱི་འགོ་ཁྲིད་པའི་འཐུས་མི་600ལྷག་ཙམ་ཚོགས་འདུར་ཞུགས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་གཙོ་དོན་གསུང་བཤད་ནང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་མཛེས་སྡུག་ལྡན་པའི་དཔེ་རིས་བཀོད་གནང་བ་དང་། མཛེས་སྡུག་ལྡན་པའི་འཛམ་གླིང་སྐྲུན་པའི“གྲོས་འགོ་ཁག་བཞི”ཁ་གསལ་བཏོན་གནང་བ། འཛམ་གླིང་སྲིད་ཏང་ཁག་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་བྱ་གཞག་རླབས་པོ་ཆེར་ཐུན་མོང་ཐོག་གཞོགས་འདེགས་བྱེད་དགོས་པའི་རེ་འབོད་གནང་བར་ཚོགས་ཞུགས་སྲིད་ཏང་དང་ཆབ་སྲིད་རྩ་འཛུགས་ཀྱི་འགོ་ཁྲིད་པའི་མོས་མཐུན་ཐོབ་ཡོད་པ་རེད།

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གཟིགས་རྒྱང་རིང་ལ་དགོངས་པ་ཟབ་མོ་ལྡན་ཞིང་། ས་གནས་ས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཙོ་དོན་གསུང་བཤད་ཉན་པས་རང་ཉིད་ལ་ཕན་པ་མི་དམན་པ་ཐོབ་བྱུང”ས་ལ་ཧོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་དང་རྒྱལ་ཁབ་ལ་འཛིན་གནང་བའི་འགན་འཁྲི་འཁུར་སེམས་དང་། གོ་ལ་ཧྲིལ་པོའི་ཞི་བདེ་དང་འཕེལ་རྒྱས་ལ་འཁུར་གནང་བའི་འགན་འཁྲི། དེ་བཞིན་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་སྐྲུན་པར་སྐུལ་འདེད་བཏང་གནང་བ་བཅས་ལས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད་ཅེས་བརྗོད།

    2023ལོའི་ཟླ་3ཚེས་15ཉིན་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་གླེང་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཙོ་དོན་གསུང་བཤད་གནང་བ་རེད། ས་ལ་ཧོ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་ཚོགས་འདུར་ཞུགས་ཤིང་། “ད་ཐེངས་ཀྱི་གླེང་མོལ་ཚོགས་འདུའི་ཐོག་མིའི་རིགས་ཀྱི་ཤེས་དཔལ་གྱི་འདས་པ་དང་། ད་ལྟ། འབྱུང་འགྱུར་བཅས་ལ་བསམ་གཞིག་ཟབ་མོ་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་ཐོག་མར་བཏོན་གནང་བར་དོ་ཁུར་རྒྱ་ཁྱབ་བྱུང་ཡོད”“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས‘ཐུན་མོང་དར་སྤེལ’བཞི་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོའི་ནང་དོན་གཙོ་བོ་སྙིང་བསྡུས་གནང་བས་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བར་ཀྲུང་གོའི་བློ་གྲོས་ལེགས་སྐྱེས་ཕུལ་བ་དང་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་གཏོང་བར་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད”ཅེས་བརྗོད།

    “འཛམ་གླིང་ཤེས་དཔལ་གྱི་སྣ་མང་རང་བཞིན་ལ་བརྩི་འཇོག་དང་། མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ། ཤེས་དཔལ་རྒྱུན་འཛིན་དང་གསར་གཏོད་ལ་མཐོང་ཆེན། རྒྱལ་སྤྱིའི་མི་ཆོས་རིག་གནས་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐོག་ནས‘ཐུན་མོང་དར་སྤེལ’བཞིའི་རིམ་པ་གསལ་བ་དང་ཕན་ཚུན་འབྲེལ་མཐུད་དམ་པོས་དཀྱུས་གཅིག་ཏུ་སྒྲིལ་བའི་གོང་པོ་ཞིག་ཆགས་པར་བྱས་ཡོད”ས་ལ་ཧོས་འཛམ་གླིང་ཤེས་དཔལ་གྱི་སྣ་མང་རང་བཞིན་ལ་བརྩི་འཇོག་བྱ་རྒྱུ་ནི་ཤེས་དཔལ་མི་འདྲ་བ་བསྟུན་མཁས་མཉམ་གནས་དང་སྤེལ་རེས་མིག་ལྟོས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཞིག་རེད། མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་བཏང་ནས་ཕྱོགས་ཁག་ལ་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱེད་པ་དང་། ཤེས་དཔལ་རྒྱུན་འཛིན་དང་གསར་གཏོད་ལ་སྣང་ཆེན་བྱ་རྒྱུ་ནི་ཤེས་དཔལ་ཡར་ཐོན་གྱི་སྒུལ་ཤུགས་ཀྱི་འབྱུང་རྩ་ཞིག་ཡིན་པས། རྒྱལ་སྤྱིའི་མི་ཆོས་རིག་གནས་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཤེས་དཔལ་མི་འདྲ་བ་ཕན་ཚུན་རྒྱུས་ལོན་བྱེད་པར་ལག་ལེན་གྱི་ཐབས་ལམ་དང་ལས་སྟེགས་མཁོ་འདོན་བྱས་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།