དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཅང་སུའུ་ལེན་ཡུན་ཀང་གྲུ་ཁར་ཟླ་དང་པོ་ནས་བདུན་པའི་བར་རིམ་རྩིས་བྱས་ན་ཀྲུང་ཡོའི(ཨེ་ཤེ་ཡ)དུས་གཏན་མེ་འཁོར་གྱིས་ཚད་ལྡན་དོས་སྒམ་ཁྲི་4.5ལྷག་ཙམ་དབོར་འདྲེན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-16

    2024ལོའི་ཟླ་8ཚེས་13ཉིན་ཀྲུང་ཧ(ལེན་ཡུན་ཀང་གྲུ་ཁ)ཡི་ཟོག་འགྲེམས་མཉམ་ལས་རྟེན་གཞི་ནས་ཤེས་རྟོགས་བྱུང་བར། ཟླ་དང་པོ་ནས་བདུན་པའི་བར་ཀྲུང་ཡོའི(ཨེ་ཤེ་ཡ)དུས་གཏན་མེ་འཁོར་ཐེངས་560བཏང་བ་དང་ཚད་ལྡན་དོས་སྒམ་ཁྲི་4.5ལྷག་ཙམ་དབོར་འདྲེན་བྱས་པ་དེ་ལོ་གོང་མའི་དུས་མཚུངས་ལས་22.4%འཕར་ཡོད།

    ད་ལོ་ཕར་གཏོང་དུས་གཏན་མེ་འཁོར་གྱི་ཚོང་ཟོག་གསར་པ་མང་དུ་ཕྱིན་པ་དང་ཚུར་འོང་གི་དུས་གཏན་མེ་འཁོར་ནང་བླུགས་པའི་ཚད་ལྡན་དོས་སྒམ་ཁྲི་1.4ལྷག་ཙམ་ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་28.9%འཕར་ཡོད། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཁྲོད་དོན་འཁྱོལ་ཐོག་མར་བྱས་པའི་དངོས་ཚན་ལས་སྟེགས་རྣམ་གྲངས་ཡིན་པའི་ཀྲུང་ཧ(ལེན་ཡུན་ཀང་གྲུ་ཁ)ཡི་ཟོག་འགྲེམས་མཉམ་ལས་རྟེན་གཞིས་རྒྱང་རིང་རྒྱ་མཚོ་ཆེན་པོའི་མ་ལམ་དང་། ཆུ་གཏིང་གྲུ་ཁ་ཆེན་པོ། ནང་ཁུལ་གཙང་པོའི་མཚོ་ཐོག་སྐྱེལ་འདྲེན། རྒྱལ་སྤྱིའི་དུས་གཏན་མེ་འཁོར། ཟོག་འགྲེམས་ར་བ་དང་ས་ཚིགས་བཅས་ཕན་ཚུན་འབྲེལ་མཐུད་བྱས་ཡོད། རྒྱལ་སྤྱིའི་དུས་གཏན་མེ་འཁོར་སྔར་བས་ཤར་གཏོང་ཐུབ་ནས་མགྱོགས་སུ་ཕྱིན་པ་དང་། སྐམ་མཚོའི་སྦྲེལ་མཐུད་སྐྱེལ་འདྲེན་སྔར་བས་ཕན་ཆེ་དང་སྟབས་བདེ་རུ་ཕྱིན་ནས་ཨེ་ཤེ་ཡ་དབུས་མ་དང་ནུབ་མ་དང་། ཨེ་ཤེ་ཡ་ཤར་མ་དང་ལྷོ་མ། རི་པིན། ཧན་གོ མོང་གོལ་རྒྱལ་ཁབ། ཡོ་རོབ་བཅས་སུ་ཁྱབ་པའི“དར་གོས་ལམ་བུ་གསར་པར”བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།