ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་རི་ཧན་གསུམ་གྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་དྲ་ཐོག་སྦྲེལ་མཐུད་ཚོགས་འདུ་ནན་ཉིང་དུ་འཚོགས་པ།
ཚེས་13ཉིན་ཀོང་ཤིས་ཚོང་དོན་ཡར་སྐུལ་ཨུ་ལྷན་དང་འཛུགས་སྐྲུན་དངུལ་ཁང་ཀོང་ཤིས་ཡན་ལག་དངུལ་ཁང་གིས་གཙོ་གཉེར་བྱས་པའི“གོ་སྐབས་གསར་གཏོད། འབྱུང་འགྱུར་དང་སྦྲེལ”ཞེས་པའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་རི་ཧན(10+3)གསུམ་གྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་དྲ་ཐོག་སྦྲེལ་མཐུད་ཚོགས་འདུ་ནན་ཉིང་དུ་འཚོགས་པ་རེད། ད་རེས་ཀྱི་སྦྲེལ་མཐུད་ཚོགས་འདུར་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་བྱེད་སྟངས་ཐོག་ནས་མངའ་ཁོངས་ཕྱི་ནང་གི་ནུས་རྒྱུ་གསར་པ་དང་། རྒྱུ་ཆ་གསར་པ། འཕྲུལ་ཆས་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་བརྒྱ་ལྷག་ཙམ་ལ་གོ་ལ་ཧྲིལ་པོའི་སྦྲེལ་མཐུད་ཞབས་ཞུ་མཁོ་འདོན་བྱས་ཡོད།