མཚོ་སྔོན་གྱིས་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་གྱི་རྒན་གསོའི་ཞབས་ཞུའི་དྲ་རྒྱ་བཙུགས་པ།
གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་རྒན་གསོའི་སྒྲིག་བཀོད་ལེགས་སྒྲིག་བྱས་ནས་རྒན་གསོའི་ཞབས་ཞུའི་སྒྲིག་གཞི་205དང་། སྡེ་ཁུལ་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་249 གྲོང་གསེབ་ཀྱི་རོགས་རེས་ཕན་བདེ་ཁང་1403བཅས་ལས་གྲུབ་པའི་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་གྱི་རྒན་གསོའི་ཞབས་ཞུའི་དྲ་རྒྱ་བཙུགས་པར་བརྟེན། རྒན་གསོའི་ཞབས་ཞུའི་ཁྱབ་ནུས་རང་བཞིན་དང་སྟབས་བདེའི་རང་བཞིན་ཆེ་རུ་ནུས་ལྡན་སོང་བ་དང་ཆབས་ཅིག་རྒན་རྒོན་གྱི་རྒན་གསོའི་ཞབས་ཞུ་སྣ་མང་ཅན་གྱི་དགོས་མཁོ་བསྐངས་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། ད་ལོ་ནས་བཟུང་། མཚོ་སྔོན་དམངས་སྲིད་སྡེ་ཚན་གྱིས་རྒན་གསོའི་ཞབས་ཞུ་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་རྒན་གསོའི་ཞབས་ཞུའི་ཁྱབ་ཁོངས་ཀྱི“བྱ་སྤྱོད་ཆེན་པོ་དགུ”ལག་བསྟར་གཏིང་ཟབ་བྱས་ཡོད། ལོ་ན་མཐོ་བ་དང་། ངལ་རྩོལ་ནུས་ཤུགས་མེད་པ། རིག་པ་མི་གསལ་བ་བཅས་ཀྱི་རྒན་རྒོན་སོགས་གཙོ་གནད་ཚོགས་སྤྱིའི་དགོས་མཁོ་མངོན་གསལ་དོད་པས་མ་དངུལ་སྒོར་དུང་ཕྱུར་1.1ལྷག་ཙམ་བཏང་ནས་རྒན་རྒོན་ཁྲི་12ལ་ཟ་མ་དང་། སྨན་བཅོས། གཙང་སྦྲ་སོགས་རྒན་རྒོན་ལ་རོགས་སྐྱོར་བྱེད་པའི་ཞབས་འདེགས་ཞུས་ཤིང་། མ་དངུལ་སྒོར་དུང་ཕྱུར་2.5བཏང་ནས་ལོ་70ཡན་གྱི་རྒན་རྒོན་ལ་ལོ་ན་མཐོ་བའི་ཁ་གསབ་སྤྲད་པ་དང་། མ་དངུལ་སྒོར་ཁྲི་2130བཏང་ནས་དཔལ་འབྱོར་གྱི་དཀའ་ངལ་ཡོད་པ་དང་ངལ་རྩོལ་ནུས་ཤུགས་མེད་པའི་རྒན་རྒོན་ལ་གཅིག་སྡུད་ལྟ་སྐྱོང་དང་ཁྱིམ་ཚང་གི་རྒན་རྒོན་ལ་འཚམ་པའི་སྒྱུར་བཀོད་རྣམ་གྲངས་ལག་བསྟར་བྱས་ཡོད།
མཚོ་སྔོན་གྱིས་རྒན་རྒོན་གྱི་འཚོ་བའི་སྤུས་ཚད་དང་ཕན་བདེ་འགན་ལེན་ལ་མཐོང་ཆེན་བྱས་ཏེ“རྒས་དུས་འཚོ་རྟེན་ཡོད་པ་དང་རྒས་དུས་བརྟེན་ས་ཡོད་པ”དེ་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་པ་མ་ཟད། རྒན་གསོའི་ཞབས་ཞུ་མ་ལག་ཅན་འཛུགས་སྐྱོང་ལ་རྒྱུན་མཐུད་སྐུལ་འདེད་ཀྱང་བཏང་ཡོད། དམངས་སྲིད་སྡེ་ཚན་གྱིས་མ་དངུལ་གྲབས་གསོག་ཧུར་ཐག་བྱས་ཏེ་བཟའ་བཏུང་ཞབས་ཞུ་དང་ཉིན་མོའི་ལྟ་སྐྱོང་སོགས་ཕྱོགས་བསྡུས་བྱེད་ནུས་ལྡན་པའི་གྲོང་གསེབ་ཀྱི་རོགས་རེས་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་100གསར་སྐྲུན་དང་བསྐྱར་སྐྲུན་བྱས་ཡོད།