དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་བྱ་ཐབས་ཁག་བཅུ་བཏོན་ནས་འབྲི་ཆུར་ཉ་རྒྱ་ལོ་བཅུ་སྡོམ་པར་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-16

     ཉེ་ཆར། མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གིས་གནས་ཚུལ་ཁྱབ་བསྒྲགས་བྱས་པར། མཚོ་སྔོན་ཞིང་ཆེན་གྱི་ཉ་རྒྱ་སྡོམ་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས《འབྲི་ཆུའི་འབབ་རྒྱུད་ཀྱི་མཚོ་སྔོན་དུམ་བུར་ལོ་བཅུ་ཉ་རྒྱ་སྡོམ་པའི་ལས་དོན་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་ཁག་བཅུ》(གཤམ་དུ《བྱ་ཐབས་ཁག་བཅུ》ཞེས་བསྡུ་རྒྱུ)བཀྲམ་སྟེ། ཉ་རྒྱ་སྡོམ་པའི་ཕུགས་ཕན་ལམ་སྲོལ་ལེགས་སུ་གཏོང་བ་དང་། ལྟ་སྐུལ་དཔྱད་ཞིབ་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ། ཉ་རྒྱ་སྡོམ་པའི་ཁྲིམས་སྒྱུར་ལྟ་འདོམས་རྒྱུན་མཐུད་བྱེད་པ། དམ་བསྒྲགས་རྣམ་པའི་དོ་དམ་ནན་པོ་རྒྱུན་འཁྱོངས་བྱེད་པ། ཁྲིམས་འགལ་ངང་ཉ་བཟུང་བའི་མངོན་མེད་རྐྱེན་ངན་སེལ་བ། ཆུ་སྐྱེས་སྐྱེ་དངོས་སྣ་མང་རང་བཞིན་ཉམས་གསོར་སྐུལ་འདེད་གཏོང་བ། ཐོན་ཁུངས་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་པ། དམངས་ཡོངས་ཞུགས་པར་དྲིལ་བསྒྲགས་ཁྲིད་སྟོན་བྱེད་པ། རྩ་འཛུགས་ཀྱི་འགོ་ཁྲིད་དང་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་ནས་འབྲེལ་ཡོད་ལས་དོན་གྱི་བྱ་ཐབས་ཁ་གསལ་བཟོས་ཏེ། འབྲི་ཆུའི་འབབ་རྒྱུད་ཀྱི་མཚོ་སྔོན་དུམ་བུར་ཉ་རྒྱ་ལོ་བཅུ་སྡོམ་པའི་ལས་དོན་དོན་འཁྱོལ་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས་འབྲི་ཆུའི་འབབ་རྒྱུད་ཀྱི་མཚོ་སྔོན་དུམ་བུའི་ཆུ་སྐྱེས་སྐྱེ་དངོས་ཐོན་ཁུངས་ལ་སྲུང་སྐྱོང་དང་ཉམས་གསོ་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།

    《བྱ་ཐབས་ཁག་བཅུའི》ནང་ཞིང་ཆེན་ཡོངས་ཀྱི་འབྲི་ཆུའི་རྒྱུད་ཀྱི་ས་གནས་ཁག་གི་སྲིད་གཞུང་གི་བྱེད་པོའི་འགན་འཁྲི་ཁ་གསལ་བཟོས་ནས་ཉ་འཛིན་བཀག་སྡོམ་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་དང་ལས་དོན་ཆེད་དོན་ཚན་ཁག་གི་ལས་ཀའི་ལམ་སྲོལ་ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་ནུས་ལྡན་གཏོང་དགོས། ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གིས་མུ་མཐུད་སྣེ་ཁྲིད་དེ་ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་མངོན་བཤེར་ལྐོག་ཞིབ་དང་། མཉམ་འབྲེལ་བརྟག་ཞིབ། ཆེད་དོན་བཀོད་གཏོང་སོགས་ཀྱི་བྱ་ཐབས་བརྒྱུད་འབྲི་ཆུའི་རྒྱུད་ཀྱི་ཉ་འཛིན་བཀག་སྡོམ་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་དགོས་པ་དང་། ཁྲིམས་འགལ་ཉ་འཛིན་བྱེད་སྤྱོད་ཡང་ཡང་ཐོན་པ་དང་། ཁྲིམས་སྒྱུར་ལྟ་འདོམས་ནུས་ལྡན་མེད་པ། མངོན་མེད་རྐྱེན་ངན་དང་གནད་དོན་མངོན་གསལ་དོད་པ་བཅས་ཀྱི་ས་ཁུལ་ལ་བརྡ་ཁྱབ་སྐོང་འདྲི་དང་མཉམ་འབྲེལ་སྒོ་བྱང་བཀལ་ནས་བཅོས་སྒྲིག་བྱས་ཏེ། ཉ་རྒྱ་སྡོམ་པའི་ལས་དོན་གྱི་དམ་བསྒྲགས་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས་པ་ཁ་གསལ་བསྟན་ཡོད།

    《བྱ་ཐབས་ཁག་བཅུའི》ནང་འབྲེལ་ཡོད་སྡེ་ཚན་དབར་ཉ་འཛིན་བཀག་སྡོམ་གྱི་ཁྲིམས་སྒྱུར་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཐེར་འདོན་ཆ་འཕྲིན་ལས་སྟེགས་ཕན་ཚུན་ཤར་གཏོང་དང་། ཁྲིམས་སྒྱུར་ཐོན་ཁུངས་མཉམ་སྤྱོད། གྱོད་གཞི་རྩིས་སྤྲོད་བདེ་བླག་བཅས་ཀྱི་ཕུགས་ཕན་མཉམ་ལས་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ“ཁྲིམས་འགལ་ངང་ཆུའི་ཐོན་རྫས་འཛིན་པ”དང“རྩ་ཆེ་ཞིང་སྟོངས་ཉེར་ཡོད་པའི་ཆུ་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གནོད་འཚེ་གཏོང་བ”སོགས་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས། དེ་དང་ཆབས་ཅིག ད་དུང་གཙོ་གནད་ཆུ་སྐྱེས་སྐྱེ་དངོས་སྣ་མང་རང་བཞིན་ཉམས་གསོ་དང་། རྩ་ཆེ་ཞིང་སྟོངས་ཉེར་ཡོད་པའི་སྐྱེ་དངོས་རིགས་སྲུང་སྐྱོང་ལག་རྩལ་ཞིབ་འཇུག ཉ་རིགས་ཚན་རིག་དང་མཐུན་པའི་སྒོ་ནས་སྐྱེ་འཕེལ་གློད་གཏོང་། ཆུ་ཁོངས་གསར་སྤེལ་བེད་སྤྱོད་ཚད་ལྡན་དོ་དམ་སོགས་ཀྱི་ལས་དོན་སྤེལ་ནས་མཚོ་སྔོན་གྱི་འབྲི་ཆུའི་དུམ་བུའི་ཆུ་སྐྱེས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ་བསྟན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།