དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་དུས་རབས་ཀྱི་ལས་འགན་ལྕི་པོ་ཕྲག་ཏུ་འཁུར་བ།

    རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-16

    ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཚ་རླབས་འཕྱུར་བའི་མཚམས་སུ། ཟླ་8ཚེས་13ཉིན། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་ཏེ་ཕྱོགས་ཡོངས་ནས་གྲུབ་འབྲས་ཕྱོགས་སྡོམ་དང་། དུས་བབ་ལ་དབྱེ་ཞིབ། སླད་ཕྱིན་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་ལས་དོན་ལ་བཀོད་སྒྲིག་བཅས་བྱས་པར་ཐུན་མོང་གི་ངོས་འཛིན་གཅིག་མཐུན་བྱུང་བ་དང་ངར་ཤུགས་འཕེལ་ནས་ཚོགས་འདུའི་དགོངས་དོན་ལ་རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་རེད།

    ཚང་འཛོམས་གྲོས་ཚོགས་ཐོག རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་བསྐྲུན་རྒྱུར་དམིགས་ནས་བོད་ཀྱི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་དང་། འགན་འཁྲི་ཆེ་ཤོས་ནི་སྐྱེ་ཁམས། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་བཅས་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་དགོས་ཞེས་ནན་བཤད་བྱས་ཡོད།

    དེའི་ཐད་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་བྲག་ཡིབ་ཆུས་རུ་འབྲིང་གི་རིམ་པ་གཉིས་པའི་མེ་ཟོན་རུ་མི་ཤེས་རབ་ལྷ་དབང་ལ་མྱོང་ཚོར་གཏིང་ཟབ་བྱུང་ཞིང་། ཁོང་གིས“ངའི་འགན་འཁྲི་གཙོ་བོ་ནི་རི་སྔོན་ཆུ་དྭངས་སྲུང་སྐྱོང་བྱ་རྒྱུ་དེ་ཡིན་པར་སྔ་ཕྱི་བར་གསུམ་དུ་སྤོབས་པ་ཆེན་པོ་སྐྱེ་གི་འདུག ངས་རི་སྔོན་ཆུ་དྭངས་སྲུང་སྐྱོང་བྱེད་པ་དེ་ནི་མི་སེར་གྱི‘ལྟོ་ཕོར’སྲུང་སྐྱོང་བྱེད་པ་དང་བུ་རབས་ཚ་རྒྱུད་དང་མི་རབས་རྗེས་མར་བདེ་སྐྱིད་བསྐྲུན་པའི་དོན་ཆེན་ཨང་དང་པོར་ངོས་འཛིན་བྱེད་ཀྱི་ཡོད། སླད་ཕྱིན་གྱི་ལས་ཀའི་ཁྲོད་ངས་རང་ཉིད་ཀྱི་ནུས་པ་གང་ཡོད་བཏོན་ནས་ང་རང་དགའ་ཞེན་ཆེ་བའི་རི་ཆུ་དག་སྲུང་སྐྱོང་ཡག་པོ་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན”ཞེས་བཤད།

    “རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་སྒྱུར་བཅོས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི‘དམིགས་པ་དྲུག’གི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་ནས་ང་ཚོའི་སླད་ཕྱིན་གྱི་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ང་ཚོས་རྫོང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་མཉམ་འདྲེས་འབྲེལ་མཐུད་ཡོང་བར་བྱས་ནས་སློབ་སྦྱོང་གི་ཚ་རླབས་རྒྱུན་མཐུད་འཕྱུར་བ་དང་། བདེན་དོན་གྱི་སྟོབས་ཤུགས་ཆེན་པོ་དེ་སྒུལ་ཤུགས་ཀྱི་ཕན་འབྲས་སུ་སྒྱུར་བ། མལ་གྲོ་གུང་དཀར་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཚོད་ལྟ་བྱ་ཡུལ་དང་བཀྲག་མདངས་འཚེར་བའི་ལས་གྲྭ་སྔར་ལས་མང་བ་ཧུར་ཐག་སྤེལ་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནུས་ཤུགས་ཡོད་རྒུས་མངོན་འགྱུར་བྱ་ཆེད་མལ་གྲོ་གུང་དཀར་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཨུད་ཀྱི་ཧྲུའུ་ཅི་ཧྲེན་ཕུང་ལིས་བློ་བརྟན་འགྱུར་མེད་ངང་བཤད།

    “ཚང་འཛོམས་གྲོས་ཚོགས་ཐོག་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ། མི་འབོར་གྱི་བྱང་ཚད་མཐོ་རུ་དང་བདེ་ཐང་ཆུ་ཚད་མཐོ་རུ་བཏང་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་རྩ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་བཏོན་ཡོད། སྨན་དོན་པ་ཞིག་ཡིན་པའི་ངོས་ནས་ལས་འགན་ལྕི་ལ་འགན་འཁྲི་གཟི་བརྗིད་ལྡན་པ་ཞིག་ཡིན་པའི་ངོས་འཛིན་ཟབ་མོ་བྱུང་། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས‘མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་བླ་ན་མེད་པའི’འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས། དེ་བས་ཧུར་ཐག་འབད་ཐག་གིས་ཆེད་ལས་རྩལ་ནུས་མཐོ་རུ་བཏང་སྟེ་མི་དམངས་མང་ཚོགས་ལ་དེ་བས་སྙིང་ཉེ་བ་དང་། ཕན་ནུས་ཆེ་བ། སྤུས་ལེགས་བཅས་ཀྱི་སྨན་བཅོས་ཞབས་འདེགས་ཞུ་བ་དང་། ཕུལ་དུ་བྱུང་བའི་སྨན་བཅོས་ལག་རྩལ་ལ་བརྟེན་ནས་མི་སེར་གྱི་ཚེ་སྲོག་བདེ་ཐང་སྲུང་སྐྱོང་བྱས་ཏེ་བདེ་ཐང་གི་བོད་ལྗོངས་འཛུགས་སྐྲུན་བྱེད་པར་རམ་འདེགས་བྱེད་ཀྱི་ཡིན”ཞེས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་སྨི་མིང་གིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།