དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱིས་བསྐྲུན་པའི་ལྗིད་ཚད་ཆེ་ཤོས་ཀྱི་རྒྱལ་སྤྱིའི་རྒྱ་མཚོའི་སྣུམ་རླངས་ལས་སྟེགས་རྩིས་སྤྲད་པ།

    ལོ་ལྟར་མ་བཅོས་རྡོ་སྣུམ་ཏུན་ཁྲི་2400གཅིག་སྡུད་སྐྱེལ་འདྲེན་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-15

     ཚེས་12ཉིན། ཧྲན་ཏུང་དུ་ཀྲུང་གོ་མཚོ་སྣུམ་ཁོངས་གཏོགས་ཀྱི་མཚོ་སྣུམ་ལས་གྲྭས་སྐྲུན་འགན་ཁུར་བའི་མཱ་ཙན་སྣུམ་རླངས་གཅིག་སྡུད་སྐྱེལ་འདྲེན་ལས་སྟེགས་ལས་མཇུག་འགྲིལ་ནས་རྩིས་སྤྲད་ཅིང་། དེ་ནི་རང་རྒྱལ་གྱིས་བསྐྲུན་པའི་ལྗིད་ཚད་ཆེ་ཤོས་ཡིན་པའི་གཅིག་སྡུད་སྐྱེལ་འདྲེན་ནུས་པ་ཆེ་ཤོས་ཀྱི་རྒྱལ་སྤྱིའི་རྒྱ་མཚོའི་སྣུམ་རླངས་ལས་སྟེགས་ཤིག་ཡིན་པ་དང་གཙོ་བོ་སྔོག་འདོན་བྱས་པའི་རྒྱ་མཚོའི་སྣུམ་རླངས་སྐམ་སར་གཅིག་སྡུད་སྐྱེལ་འདྲེན་གྱིས་ཐག་གཅོད་བྱེད་པའི་འགན་འཁུར་གྱི་ཡོད་པས། ལོ་ལྟར་མ་བཅོས་རྡོ་སྣུམ་ཏུན་ཁྲི་2400དང་ལྷན་སྐྱེས་རང་བྱུང་སོལ་རླངས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་74གཅིག་སྡུད་སྐྱེལ་འདྲེན་ཐུབ་ཀྱི་ཡོད།

    མཱ་ཙན་ལས་སྟེགས་ནི་རྐང་པ་བརྒྱད་ཡོད་པའི་རྒྱ་མཚོའི་སྣུམ་རླངས་གཅིག་སྡུད་སྐྱེལ་འདྲེན་ལས་སྟེགས་ཤིག་ཡིན་ལ། ལྗིད་ཚད་ཏུན་ཁྲི་1.72ལྷག་ཙམ་དང་། མཐོ་ཚད་ཐོག་སོ་24ལྷག་ཙམ། ལས་སྟེགས་རྒྱ་ཁྱོན་ལན་ཆིའུ་སྤོ་ལོའི་ཐང་15ཙམ་དང་མཚུངས། སྣུམ་འདྲེན་སྦུ་གུའི་ཆེ་ཆུང་ཡིན་ནའང་འདྲ། ཡང་ན་རིམ་པ་རེ་རེའི་མཐོ་ཚད་ཡིན་ནའང་འདྲ། ཚང་མ་རྒྱུན་གཏན་གྱི་རྒྱ་མཚོའི་ལས་སྟེགས་ཀྱི་ལྡབ་གཉིས་ལས་བརྒལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།