དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “‘རྒན་རྒོན་གཅིག་དང་བྱིས་པ་གཅིག’ནི་ཁྱིམ་ཚང་མང་ཆེ་བའི་དོ་ཁུར་བྱ་ཡུལ་གཙོ་བོ་རེད”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ​ ཤིན་པིན་ཅན་དང་ལིའུ་ཧྲུའུ་ཝུན།   |     སྤེལ་དུས།  2024-08-15

    “རྒན་རྒོན་གཅིག་དང་བྱིས་པ་གཅིག”ནི་ཁྱིམ་ཚང་ཁྲི་སྟོང་མང་པོར་ཤུགས་རྐྱེན་ཐེབས་ལ་དམངས་འཚོའི་བདེ་རྩ་དང་འབྲེལ་ཡོད། “རྒན་རྒོན་དང་ཕྲུ་གུ་ནི་སྡེ་ཁུལ་དུ་རྒྱུན་སྡོད་ཡུལ་མི་ཡིན་པ་དང‘རྒན་རྒོན་གཅིག་དང་བྱིས་པ་གཅིག’ནི་ཁྱིམ་ཚང་མང་ཆེ་བའི་དོ་ཁུར་བྱ་ཡུལ་གཙོ་བོ་རེད” “རྒན་རྒོན་གཅིག་དང་བྱིས་པ་གཅིག”ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་བརྩེ་བ་ཟབ་མོ་བཅངས་ས་དང་ཐུགས་ཁྲལ་གནང་ས་ཞིག་རེད།

    འདི་ལོའི་ཟླ་6པར། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་དབྱིན་ཁྲོན་གྲོང་ཁྱེར་ཅིན་ཧྥུང་ཆུས་ཁྲང་ཁྲེང་མེ་ཏོག་ལྡུམ་རའི་སྡེ་ཁུལ་དུ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྡེ་ཁུལ་གྱི་བྱེད་སྒོ་ཁང་དུ་ཕེབས་ནས་གྲོང་མིས་ཤོག་དྲས་རི་མོ་གསར་རྩོམ་དང་ཞབས་བྲོ་ནང་སྦྱོང་བྱེད་པར་སྤྲོ་བ་ཆེན་པོས་གཟིགས་པ་དང་། ཚང་མ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ། རྒན་ཡོལ་ཞུས་པའི་གྲོང་མིར་རྒས་དུས་འཚོ་རྟེན་ཡོད་པ་དང་། རྒས་དུས་སྤྲོ་སྐྱིད་གཏོང་རྒྱུ་ཡོད་ལ་རྒས་དུས་ལས་རྒྱུ་ཡོད་པ་བཅས་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།

    འདི་ལོའི“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ཞིང་ཆེན་ནན་ཁྲུང་གྲོང་ཁྱེར་ཅ་ལིང་ཆུས་ཀྲི་ཅང་སློབ་ཆུང་གི་སློབ་མ་ཚོར་འཕྲིན་ལན་སྤྲིངས་ནས་སློབ་གྲོགས་ཚོས་ཕུགས་འདུན་ཆེན་པོ་འཆང་བ་དང་། དུས་སྐབས་བཟང་པོར་གཅེས་སྤྲས་བྱེད་པ། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱེད་པ། ཏང་གཅེས་རྒྱལ་གཅེས་དང་། རང་ཚུགས་རང་དར། འབད་འབུངས་ཡར་བརྩོན་བཅས་བྱས་ནས་དུས་རབས་གསར་པའི་ལོ་ཆུང་བཟང་པོ་ཞིག་བྱ་རྒྱུའི་བརྩོན་ལེན་བྱས་ཏེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་ཐུབ་པའི་རྐང་འཛིན་པ་ཆགས་རྒྱུར་འབད་བརྩོན་བྱེད་རྒྱུའི་ཐུགས་རེ་གནང་བ་རེད།

    “རྒན་རྒོན་གཅིག་དང་བྱིས་པ་གཅིག”ལ་དོ་ཁུར་བྱེད་པ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟོག་ཞིབ་ཀྱི་ཞབས་རྗེས་སུ་འཁོད་ཡོད་དེ།

    “རྒན་རྒོན་ཚེ་རིང་དུ་འགྲོ་བཞིན་ཡོད་པས་རྒན་རྒོན་ལ་ཞབས་འདེགས་ཞུ་རྒྱུ་རྗེས་སུ་མ་ལུས་པ་བྱེད་དགོས”དང“ཕྲུ་གུ་ཚོ་ད་ཆ་ནོར་བུ་ལྟ་བུ་ཡིན་པས་ཕྲུ་གུ་འཚོ་སྐྱོང་དང་གསོ་སྐྱོང་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས”ཞེས་པའི་བཀའ་མོལ་རེ་རེ་ལས་མངགས་བཅོལ་ཟབ་མོ་དང་ཐུགས་སྣང་གཤིན་པོ་མངོན།

    “རྒན་རྒོན་ལ་རྒས་དུས་འཚོ་རྟེན་ཡོད་པ་དང་། འཚོ་བ་བདེ་སྐྱིད་ལྡན་པ། ཁམས་བདེ་ཚེ་རིང་ཡོང་བ་བཅས་བྱ་རྒྱུ་ནི་ང་ཚོའི་ཐུན་མོང་གི་བསམ་འདུན་ཡིན”དང“ཕྲུ་གུ་ཚོ་འཚར་ལོངས་དེ་བས་ཡག་པ་ཡོང་བ་བྱ་རྒྱུ་ནི་ང་ཚོའི་བསམ་འདུན་ཆེ་ཤོས་ཡིན”ཞེས་པའི་སྨོན་འདུན་ཟོལ་མེད་རེ་རེ་ལས་མི་སེམས་དྲོ་བར་བྱེད།

    “ན་རྒས་བྱ་གཞག་དང་ན་རྒས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་ཆ་རྐྱེན་འཛོམས་པའི་ས་གནས་སུ་རྒན་གསོའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་རྒན་གསོའི་ཞབས་ཞུ་ཧུར་ཐག་སྤེལ་དགོས”དང“སྡེ་ཁུལ་གྱིས་སྤྱི་ཕན་རང་བཞིན་གྱི་སློབ་ཕྱིའི་ལག་ལེན་བྱེད་སྒོ་སྣ་ཚོགས་ཧུར་ཐག་སྤེལ་ནས་ན་སོ་དར་ལ་མ་བབས་པའི་མིའི་གཟུགས་པོ་བདེ་ཐང་དང་སེམས་ཁམས་བདེ་ཐང་ལ་སྐུལ་འདེད་གཏོང་དགོས”ཞེས་པའི་གསུང་བཤད་གལ་ཆེན་རེ་རེ་ནས་ཁ་ཕྱོགས་གསལ་སྟོན་གནང་།

    བཀའ་མོལ་གསུང་ཚིག་རེ་རེར་བརྩེ་བ་ཟབ་ལ་དོན་སྙིང་ཆེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་སེམས་ཐོག་མཐའ་བར་གསུམ་དུ་རྒན་རྒོན་དང་བྱིས་པར་འཕྲེང་ནས་ཡོད།

    “རྒན་རྒོན་གཅིག་དང་བྱིས་པ་གཅིག”ལ་དོ་ཁུར་བྱེད་པ་དེ་སྲིད་ཇུས་གཏན་འབེབས་བྱེད་པའི་ཁྲོད་དུ་མངོན་ཡོད་དེ།

    2023ལོའི་ཟླ་5པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་ནས་ཚོགས་འདུའི་ཐོག“མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་བྱེད་དགོས”ཞེས་བསྟན་ཡོད།

    “རྒན་རྒོན་གཅིག་དང་བྱིས་པ་གཅིག”ནི་མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་གལ་ཆེན་གཉིས་ཡིན། མིག་སྔར་རང་རྒྱལ་གྱི་མི་འབོར་འཕེལ་རྒྱས་ལ་ཕྲུ་གུ་སྐྱེ་ཚད་ཉུང་བ་དང་། ན་རྒས་ཅན། ས་ཁོངས་ཀྱི་མི་འབོར་འཕར་ཆག་ཁ་ཐོར་བཅས་ཀྱི་འཕེལ་ཕྱོགས་རང་བཞིན་གྱི་ཁྱད་ཆོས་མངོན་ཡོད། སྔོན་དཔག་བྱས་ན་2035ལོའི་སྔ་རྗེས་སུ་རང་རྒྱལ་གྱི་མི་འབོར་ན་རྒས་ཅན་ཚབས་ཆེན་གྱི་དུས་མཚམས་སུ་སླེབས་རྒྱུ་ཡིན་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྟག་ཞིབ་གཏིང་ཟབ་དང་བསམ་གཞིག་ཟབ་མོ་གནང་སྟེ“མི་འབོར་ན་རྒས་ཅན་ལ་ཁ་གཏད་ཧུར་ཐག་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱེད་དགོས”ཞེས་དཀའ་གནད་བསལ་བ་དང་ཁ་ཕྱོགས་གསལ་སྟོན་གནང་།

    2021ལོའི་ཟླ་6པར་བཀྲམ་པའི《བུ་བཙའི་སྲིད་ཇུས་ལེགས་སུ་བཏང་ནས་མི་འབོར་ཡུན་རིང་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》ནང“རྒན་རྒོན་གཅིག་དང་བྱིས་པ་གཅིག”གཙོ་གནད་དུ་བྱས་ནས་ཚེ་སྲོག་གི་དུས་འཁོར་ཡོངས་ལ་ཁྱབ་པའི་མི་འབོར་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་བཏོན་ཡོད།

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ནང“ན་རྒས་ཅན་དང་ཕྲུ་གུ་སྐྱེ་ཚད་ཉུང་བར་ཁ་གཏད་གཅོག་པ་གཙོ་གནད་དུ་བཟུང་ནས་མི་འབོར་འཕེལ་རྒྱས་ཀྱི་འཐབ་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་། མི་ཚོགས་ཡོངས་དང་ཚེ་སྲོག་གི་དུས་འཁོར་ཡོངས་ལ་ཁྱབ་པའི་མི་འབོར་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་བཏོན་ཡོད།

    “རྒན་རྒོན་གཅིག་དང་བྱིས་པ་གཅིག”ལ་དོ་ཁུར་བྱེད་པ་དེ་བྱ་སྤྱོད་དངོས་ནས་ར་སྤྲོད་བྱུང་ཡོད་དེ།

    “རྒན་རྒོན་གཅིག་དང་བྱིས་པ་གཅིག”ནི་ཁྱིམ་ཚང་དུང་ཕྱུར་མང་པོར་ཤུགས་རྐྱེན་ཐེབས་པའི་བྱ་བ་ཞིག་ཡིན་ལ“རྒྱལ་ཁབ་ཀྱི་དོན་ཆེན”དང་འབྲེལ་བའི་བྱ་བ་ཆེན་པོ་ཞིག་ཀྱང་རེད། མཛུབ་སྟོན་གལ་ཆེན་རེ་རེ་ལས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་དངོས་སྒྲུབ་བྱེད་ཐབས་རེ་རེས་དུས་ཐོག་ཏུ་སྐུལ་སྤེལ་བཏང་གནང་ཡོད།

    “སྤྱི་ཚོགས་ཤིག་བདེ་སྐྱིད་ལྡན་མིན་གྱི་གལ་ཆེ་ཤོས་ཤིག་ནི་རྒན་རྒོན་བདེ་སྐྱིད་ལྡན་མིན་ལ་ལྟ་དགོས”2023ལོའི་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྙན་ལམ་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་སྐབས་རྒན་གསོའི་བྱ་གཞག་དང་རྒན་གསོའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། “ངེས་པར་དུ་རྒན་རྒོན་ལ་བདེ་སྐྱིད་ལྡན་པའི་ཚེ་མཇུག་སྐྱེལ་རྒྱུ་ཡོང་བར་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

    2023ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང“རྒན་རྒོན་གཅིག་དང་བྱིས་པ་གཅིག”གི་ཞབས་ཞུ་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་ཞེས་སླར་ཡང་ནན་བཤད་གནང་ཡོད།

    གྲོང་ཁྱེར(ཆུས)33རྒྱལ་ཡོངས་ཀྱི་ཕྲུ་གུ་དམར་འབྱར་ལྟ་སྐྱོང་ཞབས་ཞུའི་དཔེ་སྟོན་གྲོང་ཁྱེར་ཁག་དང་པོར་ཚུད་ནས་བུ་གསོའི་ཞབས་ཞུའི་ནུས་པ་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་དང་། གྲོང་ཁྱེར་429ཡིས“རྒན་རྒོན་གཅིག་དང་བྱིས་པ་གཅིག”གི་སྤྱི་ཡོངས་ཀྱི་ཐག་གཅོད་ཇུས་གཞི་སྒྲིག་བཟོའི་ལས་དོན་ལེགས་སྒྲུབ་བྱས་ནས་ས་ཁུལ་དང་གྲོང་ཁྱེར་རིམ་པ་ཁྱོན་ཡོངས་ལ་ཁྱབ་པ། ལོ་3མན་གྱི་ཕྲུ་གུ་དམར་འབྱར་ལ་ལྟ་སྐྱོང་དང་། བུ་ཕྲུག་སློབ་གསོ། རྒན་རྒོན་ལ་ཞབས་ཞུ་བཅས་ཀྱི་སྒེར་གྱི་ཐོབ་ཁྲལ་གྱི་ཆེད་དོན་ཟུར་སྣོན་འཕྲི་འཐེན་གྱི་ཚད་གཞི་མཐོ་རུ་བཏང་བ། 2025ལོར་སླེབས་སྐབས་རྒྱལ་ཡོངས་སུ་དཔེ་སྟོན་རང་བཞིན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་རྒོན་མཛའ་མཐུན་རྣམ་པའི་སྡེ་ཁུལ་5000བསྐྲུན་རྒྱུ། 2035ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཏུ་རྒན་རྒོན་མཛའ་མཐུན་རྣམ་པའི་སྡེ་ཁུལ་ཡོངས་སུ་ཁྱབ་རྒྱུ་མངོན་འགྱུར་བྱེད་པ་སོགས་རེད།

    “རྒན་རྒོན་གཅིག་དང་བྱིས་པ་གཅིག”དམངས་སེམས་དང་འབྲེལ། འདབ་ལོ་རེ་རེས་སེམས་ཀྱི་གདུང་བ་འདྲེན། “ཀྲུང་གོ་གུང་ཁྲན་ཏང་གིས་སོ་སོའི་སྒེར་ཕན་དོན་གཉེར་བྱེད་མི་སྲིད། མི་དམངས་ལ་ཞབས་འདེགས་དང་མི་དམངས་མང་ཚོགས་ལ་བདེ་སྐྱིད་སྐྲུན་ཆེད་སྲིད་སྐྱོང་བྱེད་ཀྱི་ཡོད” 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།